དབུ་ཤོག>ཁྲིམས་ལུགས།
  • མི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    6cb9fe70-2d07-4ec8-bbb1-ee0a29fe377b.jpg.jpg

    ཉེ་ཆར། གྲོང་མི་ཞིག་ཧྥུའུ་ཅན་སྤྱི་གླིང་ལྷོ་སྒོའི་ལྕགས་རིའི་གམ་ནས་བསྐྱོད་སྐབས་ནེ་ཙོ་རྨས་མ་ཞིག་མཐོང་བ་འདི་ཧྲེན་ཀྲེན་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བསྐྱལ་བ་རེད། ཉེན་རྟོག་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ནེ་ཙོ་དེའི་གཤོག་པར་རྨས་སྐྱོན་ཕོག་པ་ཤེས་ནས་འཕྲལ་མར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་དང་འབྲེལ་བ་བྱས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ནེ་ཙོ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། དེའི་གཤོག་པ་གཡས་པའི་རུས་པ་ཆག་པ། ནེ་ཙོ་དེ་གཅེས་ཉར་སྲོག་ཆགས་སྨན་བཅོས་ཁང་ལ་སྨན་བཅོས་བྱེད་པར་བསྐྱལ་བ། རྗེས་སུ་ཉིང་ཁྲི་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ས་ཚིགས་སུ་སྐྱེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།