དབུ་ཤོག>ཁྲིམས་ལུགས།
  • རྒྱ་ཁོག་ཟ་ཁང་ཞིག་གིས་སྒྲིག་སྲོལ་ལས་འགལ་ནས་སོལ་རླངས་དབུགས་རིལ་བེད་སྤྱོད་བྱས་པས་ལས་གཉེར་བྱེད་མཚམས་འཇོག་ཏུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    མེ་སྐྱོན་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་རྒྱ་ཁོག་ཟ་ཁང་དུ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གཅིག་སྡུད་བཅོས་སྒྲིག་བྱེད་པར་བསྐྱོད་ནས། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་གཅིག་བསལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་མི་སྣས་ཁོངས་གཏོགས་ཁུལ་གྱི་ཞའོ་དབྱང་རྒྱ་ཁོག་དང་། ཧྲུའུ་ཧྥེན་ཕྲེང་བརྒྱུས། ཐན་ཡཱ་ཞུའེ་རྒྱ་ཁོག་སོགས་ཟ་ཁང་མང་པོར་སྔ་རྗེས་སུ་ཞིབ་བཤེར་བྱས་ཤིང་། གཙོ་བོ་ཟ་ཁང་དུ་སོལ་རླངས་དབུགས་རིལ་ཉར་འཇོག་དང་བེད་སྤྱོད་གཏོང་གི་ཡོད་མེད་དང་། འབར་སླ་བའི་སོལ་རླངས་དབུགས་ཤོར་སྐབས་ཀྱི་ཉེན་བརྡ་གཏོང་ཆས་བསྒར་ཡོད་མེད། ཛ་དྲག་གནས་ཚུལ་ཐོན་སྐབས་ཀྱི་རང་འགུལ་གཅོད་སྒོ་བསྒར་ཡོད་མེད། མེ་ཟོན་བདེ་འཇགས་འགན་འཁུར་བ་བཀོད་སྒྲིག་བྱས་ཡོད་མེད། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་གཏོང་ཐུབ་མིན་སོགས་ལ་དམིགས་ནས་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ་རེད།

    ཐན་ཡཱ་ཞུའེ་རྒྱ་ཁོག་ཟ་ཁང་རྙིང་པར་ཞིབ་བཤེར་བྱེད་སྐབས། དེ་གར་སྒྲིག་འགལ་ངང་སོལ་རླངས་དབུགས་རིལ་བེད་སྤྱོད་གཏོང་གི་ཡོད་པ་ཤེས།

    རྒྱ་ཁོག་ཟ་ཁང་གི་ཚོམས་ཆེན་གྱི་ཁ་ལག་ཟ་སའི་སྒྲོག་ཙེ་ཚང་མའི་འོག་ཏུ་སྤྱི་རྒྱ་15ཟིན་པའི་སོལ་རླངས་དབུགས་རིལ་རེ་བཞག་ཡོད་པ་དང་། ཁྱོན་སྒྲོག་ཙེ་30ལྷག་ཙམ་ཡོད་པས། ཚོམས་ཆེན་དུ་སྒྲིག་འགལ་ངང་སྤྱི་རྒྱ་500ལྷག་ཙམ་ཟིན་པའི་སོལ་རླངས་དབུགས་རིལ་བེད་སྤྱོད་གཏོང་བ་དང་ཁྱད་མེད། སྤྱི་རྒྱ་15ཟིན་པའི་སོལ་རླངས་དབུགས་རིལ་ཆུང་ཆུང་ཞིག་འབར་བའི་ཤུགས་དྲག་ནི་སྤྱི་རྒྱ་150ཟིན་པའི་TNTའབར་རྫས་ཀྱི་ཤུགས་དྲག་དང་ཁྱད་མེད། གལ་ཏེ་སོལ་རླངས་ཀྱི་དབུགས་ཤོར་ཏེ་འབར་ཚེ། མི་ཤི་རྨས་དང་ཁང་པ་རྡིབ་པ་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བའི་ལས་འཛོལ་ཚབས་ཆེན་ཐོན་སྲིད། དེས་ན་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་སྣེའུ་ཁུལ་གསར་རུ་ཆེན་གྱིས་འཕྲལ་མར་མེ་ཟོན་ལྟ་སྐུལ་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མཉམ་དུ་གྲོས་གཞི་བཏོན་ནས། རྒྱ་ཁོག་ཟ་ཁང་དེར“ཚོང་གཉེར་བྱེད་མཚམས་འཇོག་དགོས་པའི”སྲིད་འཛིན་གྱི་ཆད་པ་བཅད་པ་མ་ཟད། མངོན་མེད་རྐྱེན་ངན་བཅོས་སྒྲིག་མཐར་ཕྱིན་བྱེད་དགོས་པའི་བཀའ་ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།