དབུ་ཤོག>ཁྲིམས་ལུགས།
  • གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁག་4528ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་གི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་གཞུང་ལམ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཟོག་འདྲེན་རླངས་འཁོར་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་ལ་མཉམ་དུ་བཅོས་སྒྲིག་བྱེད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བས། མིག་སྔར་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

    ae74383c-bf3e-4266-b308-509ba3e41d4f.jpg.jpg

    དངོས་ཟོག་ཚད་ལས་བརྒལ་བའི་ཟོག་འདྲེན་རླངས་འཁོར་གཞུང་ལམ་ དུ་གཏོང་མི་ཆོག་པ།

    སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས“5·12”ནུབ་བྱང་དང་ལྷོ་ནུབ་ས་ཁུལ་མཉམ་འབྲེལ་གྱིས་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྐོར་གྱི་བརྙན་ལམ་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་དང་། དེ་བཞིན་ལྗོངས་ཡོངས་སུ་མཉམ་འབྲེལ་ཐོག་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་སྤྱི་བདེ་ཐིང་ཏང་ཨུད་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་ལྟར། ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྗོངས་ཡོངས་སུ་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་བརྙན་ལམ་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། ལྗོངས་ཡོངས་ཀྱི་ཟོག་འདྲེན་རླངས་འཁོར་གྱི་བདེ་འཇགས་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“ལམ་གཅིག་ཕྱོགས་གསུམ”སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་ལམ་ངོས་དང་། ལམ་གཞི། སྒྲོམ་སྐྱོར། མཚོན་རྟགས་བྱང་བུ་བཅས་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཟོག་འདྲེན་རླངས་འཁོར་གྱིས་དངོས་ཟོག་ཚད་ལས་བརྒལ་བ་དབོར་འདྲེན་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་མཉམ་དུ་བཅོས་སྒྲིག་བྱས་ནས། ཁོངས་གཏོགས་ཁུལ་གྱི“ཁེ་ལས་རིགས་བཞི”དང“ས་ཚིགས་རིགས་བཞི”སོགས་ཟོག་འདྲེན་ཚན་པར་མཉམ་འབྲེལ་ཐོག་ཞིབ་བཤེར་བྱས་ཏེ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་ནས་འབྱུང་རྩ་ནས་དངོས་ཟོག་ཚད་ཚད་ལས་བརྒལ་བའི་ཟོག་འདྲེན་རླངས་འཁོར་གཞུང་ལམ་དུ་བསྐྱོད་རྒྱུ་བཀག་པ་རེད། དེ་དང་ཆབས་ཅིག་ཟོག་འདྲེན་རླངས་འཁོར་གྱི“ཚད་གཞི་གཉིས”དང་དེ་བཞིན་ཁ་ལོ་བའི“ཚད་གཞི་གསུམ”གྱི་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་འབྲེལ། གཙང་བཤེར་བཅོས་སྒྲིག་བྱས་ནས་ཁ་ལོ་བའི་མངོན་མེད་རྐྱེན་ངན་བསལ་ཏེ་ཉེན་ཁ་ཆེ་བའི་ཟོག་འདྲེན་རླངས་འཁོར་གཏོང་མཁན་གཏན་འགོག་བྱས་པ་རེད།

    མཚན་བཤེར་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ།

    ཟོག་འདྲེན་རླངས་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་མཉམ་དུ་བཅོས་སྒྲིག་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཟོག་འདྲེན་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་ཆེད། བྱ་སྤྱོད་སྤེལ་རིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཟོག་འདྲེན་རླངས་འཁོར་གྱི་འགྲོ་སྐྱོད་གནས་ཚུལ་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་བྱས་པ་དང་། ཁྲིམས་འགལ་ངང་ཁེ་ལས་ཀྱི་ཉེ་འགྲམ་ལམ་རྒྱུད་དང་རྒྱལ་ཁབ་དང་ཞིང་ཆེན་ལམ་རྒྱུད་གཙོ་བོར་དངོས་ཟོག་དབོར་འདྲེན་བྱེད་པར་དམིགས་ནས། གནས་ཐིག་ཟུང་འབྲེལ་དང་། སྐོར་གཡེང་ཟུང་འབྲེལ་སོགས་བྱས་ནས་ཟོག་འདྲེན་རླངས་འཁོར་མྱུར་ཚད་ལས་བརྒལ་བ་དང་། དངོས་ཟོག་ཚད་ལས་བརྒལ་བ། ངལ་དུབ་ཡོད་བཞིན་དུ་རླངས་འཁོར་གཏོང་བ། མི་གྲངས་ཚད་ལས་བརྒལ་བ་སོགས་ཀྱི་མངོན་གསལ་དོད་པའི་ཁྲིམས་འགལ་བྱེད་སྤྱོད་རིགས་8བཅོས་སྒྲིག་བྱས་ཡོད།

    ཁྲིམས་འགལ་ཟོག་འདྲེན་རླངས་འཁོར་གྱིས་ཉིན་ཡིབ་མཚན་སྐྱོད་བྱེད་པར་དམིགས་ཏེ། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཆུ་ཚོད་22པ་ཙམ་ནས་ཕྱི་ཉིན་གྱི་ཆུ་ཚོད་5པའི་བར་གྱི་གཙོ་གནད་དུས་མཚམས་ལ། མཚན་མོའི་སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲིག་འགལ་ཟོག་འདྲེན་རླངས་འཁོར་གྱི་དངོས་ཟོག་ཚད་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ། འཁོར་བྱང་དང་ལག་ཁྱེར་མེད་པ། ངལ་དུབ་ཡོད་བཞིན་དུ་རླངས་འཁོར་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པར་བརྟེན། “འཁོར་རིགས་མང་དུས་ལས་གནས་བརྟན་སྲུང་དང་། འཁོར་རིགས་ཉུང་དུས་ལམ་རྒྱུད་སྐོར་ཞིབ། མཚན་མོར་འགག་སྒྲོལ”བཅས་བྱེད་པའི་དམ་བསྒྲགས་རྣམ་པ་ཞིག་ཆགས་ཡོད། དེའི་རིང་ལྗོངས་ཡོངས་སུ་མཉམ་འབྲེལ་བཅོས་སྒྲིག་བྱ་སྤྱོད་ཐེངས་20ལྷག་ཙམ་སྤེལ་ནས། ཟོག་འདྲེན་རླངས་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁག་4528ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱས་པ།

    དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“བརྒྱད་སྤེལ”དྲིལ་བསྒྲགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྐྱེལ་འདྲེན་ཁེ་ལས་སུ་བསྐྱོད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་ཟོག་འདྲེན་རླངས་འཁོར་གྱི་དངོས་ཟོག་ཚད་ལས་བརྒལ་བའི་ཁྲིམས་འགལ་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ཞིང་། ཟོག་འདྲེན་རླངས་འཁོར་གྱི་དངོས་ཟོག་ཚད་ལས་བརྒལ་བའི་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེར་དབྱེ་ཞིབ་བྱས་ནས་ཁེ་ལས་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་བདེ་འཇགས་ཐད་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། འཕྲལ་སྡོམ་ཐག་གཅོད་ནུས་པ་དང་ཡ་རབས་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    གྲངས་གཞི་ལས་བསྡོམས་རྩིས་བྱས་པ་ལྟར་ན། རང་ལྗོངས་སུ་ཟོག་འདྲེན་རླངས་འཁོར་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་ལ་མཉམ་དུ་བཅོས་སྒྲིག་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེ་དུས་ཟོག་འདྲེན་རླངས་འཁོར་དང་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱིས་བཟོས་པའི་གྱོད་གཞི་དང་། དེ་བཞིན་ཟོག་འདྲེན་རླངས་འཁོར་ངལ་དུབ་ཡོད་བཞིན་དུ་གཏོང་བ། དངོས་ཟོག་ཚད་ལས་བརྒལ་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་གཅིག་སྡུད་ཐོག་དམར་རྗེན་དུ་བཏོན་པ་དང་། རིམ་རྩིས་བྱས་ན། ཟོག་འདྲེན་རླངས་འཁོར་གྱི་ལས་འཛོལ་དང་དེ་བཞིན་གཙོ་གནད་ཁྲིམས་འགལ་བྱེད་སྤྱོད་50ལྷག་ཙམ་དམར་འདོན་བྱས་ཤིང་། རིམ་རྩིས་བྱས་ན་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.1ལྷག་ཙམ་སྤྲད་པ། གྲོས་འདོན་ཡི་གེ200ལ་མིང་རྟགས་བཀོད་པ། ཤ་ཚའི་དྲན་སྐུལ་གཱ་ཁྲི་1.1ལྷག་ཙམ་བཀྲམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།