དབུ་ཤོག>ཁྲིམས་ལུགས།
  • ལྷ་སས་སྨན་རྫས་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་བར་ཕན་འབྲས་ཡག་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    འདི་ལོ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “ནན་ཤོས་བཞིའི”བླང་བྱ་ལྟར་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། མཛེས་རྫས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་8གྱོད་ཁོངས་སུ་བཅུག་ནས་ཞིབ་གཅོད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སྒོར་ཁྲི་8.08ཟིན་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་2022ལོའི་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་ཇུས་གཞི》བཟོས་པ། ཕྱོགས་ཁག་གི་འགན་འཁྲི་དང་བྱ་ཐབས་ཁ་གསལ་དང་ནན་དུ་བཏང་ཡོད། དེ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱིས་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཁེ་ལས་563ལ་ཞིབ་བཤེར་བྱས་པ་དང་། ཁེ་ལས་142ལ་བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བ། བརྟག་བཤེར་གསུམ་དང“སྨན་རྫས་རིགས་བཞི”བྲིན་ཚོང་མིང་འགོད་ཐོ་འགོད་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་མ་བྱས་པའི་སྨན་རྫས་སིལ་ཚོང་བྱེད་མཁན་ཁེ་ལས་42དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་བྱེད་མཁན་ཁེ་ལས་2ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ། ཁེ་ལས་9སྐོང་འདྲི་བྱས་པ། ཀྲུང་ལུགས་སྨན་ཚོང་གཉེར་དང་བེད་སྤྱོད་བྱེད་མཁན་ཚན་པ་23ལ་ཟུར་བཤེར་བྱས་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་4བཏང་བ། དྲ་ཐོག་ནས་སྨན་བཅོས་ཡོ་བྱད་ཕྱིར་ཚོང་ཐོ་འགོད་ཚད་ལྡན་དོ་དམ་ལས་དོན་སྤེལ་ཏེ་དྲ་ཐོག་ནས་སྨན་བཅོས་ཡོ་བྱད་ཕྱིར་ཚོང་བྱེད་མཁན་20ཐོ་འགོད་བྱས་པ། གཞན་ཡང་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མཛེས་བཟོའི་སྒྲིག་གཞི་2ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། གནད་དོན་ཅུང་མང་བའི་སྨན་བཅོས་མཛེས་བཟོའི་སྒྲིག་གཞི་1ལ་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་འབྲེལ། ཁྲིམས་གཏན་འཁེལ་བའི་འཐུས་མི་སྐོང་འདྲི་ཡང་བྱས་པ་རེད།

    ཟླ་5པའི་ཟླ་མཇུག་བར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་། གཉེར་སྐྱོང་། བེད་སྤྱོད་བཅས་བྱེད་མཁན་ཚན་པ་ཁྱོན་578ལ་ས་གནས་ས་ཐོག་གི་ལྟ་སྐུལ་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། ཁེ་ལས་205ལ་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་། མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པའི་ཁེ་ལས་3སྐོང་འདྲི་བྱས་པ། 《སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》གྱི་དུས་ཚོད་ཐིམ་པ་དང་གཉེར་སྐྱོང་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་པ་མ་ཟད་བཅོས་སྒྲིག་ཡག་པོ་བྱུང་མེད་བའི་ཁེ་ལས་2ལ་ཆོག་འཐུས་དུས་བཀག་ཐིམ་རྗེས་ལས་མཚམས་འཇོག་དགོས་པའི་གཏན་འབེབས་བྱས་པ། 《སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》རམ་ཡང་ན《རིགས་གཉིས་པའི་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཐོ་འགོད་སྙན་སེང་དཔང་ཡིག》རང་འགུལ་ངང་ཐོ་ནས་བསུབ་རྒྱུའི་རེ་ཞུ་བྱས་པ་དང་དུས་ཚོད་ཐིམ་ཡང་དུས་འགྱངས་བྱ་རྒྱུའི་རེ་ཞུ་བྱས་མེད་པའི་སྨན་བཅོས་ཡོ་བྱད་གཉེར་སྐྱོར་ཁེ་ལས་35གཙང་བཤེར་བྱས་པ་དང་འབྲེལ། ཡོངས་བསྒྲགས་ཀྱང་བྱས་པ། རིགས་དང་པོའི་སྨན་བཅོས་ཡོ་བྱད་ཐོན་རྫས་ཀྱི་ཁོངས་སུ་ཐོ་འགོད་བྱས་པ་3བསུབས་པ་དང་སྦྲགས། དུས་ཐོག་ཏུའབྲེལ་ཡོད་གཙོ་ཆེའི་དྲ་ཚུགས་ནས་ཁྱབ་བསྒྲགས་བྱས་ཡོད།

    གཞན་ཡང་། ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་པ་དང་ཁྲོམ་རའི་གཉེར་སྐྱོང་སྒྲིག་ཁྲིམས་ཚད་ལྡན་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། མཛེས་རྫས་རིགས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་8གྱོད་ཁོངས་སུ་བཅུག་ནས་ཞིབ་གཅོད་བྱས་པ་དང་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སྒོར་ཁྲི་8.08ཟིན་ཡོད། ལྷ་ས་གྲོང་ཁྱེར་12315འཛད་སྤྱོད་པའི་ཞུ་སྦྱོར་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་སྨན་རྫས་རིགས་ཀྱི་ཞུ་སྦྱོར་ཐེར་འདོན་བྱས་རིགས་15དང་། སྨན་བཅོས་ཡོ་བྱད་རིགས་ཀྱི་ཞུ་སྦྱོར་ཐེར་འདོན་བྱས་རིགས་4 མཛེས་རྫས་རིགས་ཀྱི་ཞུ་སྦྱོར་ཐེར་འདོན་བྱས་རིགས་15བཅས་བདག་སྤྲོད་བྱས་ནས་ཁྲོམ་རའི་ཁོར་ཡུག་གཙང་དུ་བཏང་ཡོད།

    3c5d5691-234f-4c5d-ac67-aedaf646b814.jpg.jpg

    འདི་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཁྲིམས་འཛིན་མི་སྣས་སྨན་རྫས་ཚོང་ཁང་ཞིག་ལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།