དབུ་ཤོག>ཁྲིམས་ལུགས།
  • 《དམངས་དོན་ཁྲིམས་གཞུང》ལ་བརྟེན་ནས་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

     ཉེ་ཆར། ལྷོ་རོང་རྫོང་ནག་ལྕོག་ཤང་སྦ་སྨད་གྲོང་ཚོའི་ཡུལ་མི་པད་ཆེ་གེ་མོ་ཡིས་ཁྱིམ་མཚེས་ཤཱ་ཆེ་གེ་མོས་ཞིང་ཆུ་ངའི་ཁང་པའི་རྩིག་ཟུར་ནས་འདྲེན་སྟབས་ཕྱོགས་གཉིས་པོའི་དབར་ཁ་རྩོད་ཤོར་བས་ལྷོ་རོང་རྫོང་ནག་ལྕོག་ཤང་སྦ་སྨད་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་ཐག་གཅོད་བྱེད་རོགས་ཞེས་བཤད།

    འདུམ་འགྲིག་བྱ་ཡུལ་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་ཤེས་རྟོགས་བྱུང་བར། པད་ཆེ་གེ་མོའི་ཁང་པའི་རྩིག་ཟུར་ཞིང་ཆུ་འདྲེན་སའི་ཡུར་བུའི་ཟུར(ཆུ་ཡུར་ལས་ལི་སྨི་40ཙམ་དམའ་བ་ཡོད་པ)དུ་གནས་པ་དང་། ཆུ་ཡུར་དང་བར་ཐག་ལི་སྨི་20ལྷག་ཙམ་ལས་མེད་པ་མ་ཟད། ཆུ་ཡུར(ཆུ་ཡུར་ཞེང་ཚད་ལི་སྨི་40ཙམ་ལས་མེད་པ)ཡང་བྱེ་རྡོས་བསྐོར་ནས་བཟོས་པས། ཞིང་ཆུ་འདྲེན་སྐབས་རྩིག་ཟུར་དུ་སིམ་སླ་པོ་ཡོད། ཤཱ་ཆེ་གེ་མོའི་ཁྱིམ་གྱི་ས་ཞིང་དང་པད་ཆེ་གེ་མོའི་ཁྱིམ་དབར་ཆུ་ཡུར་གཅིག་གི་བར་ཐག་ལས་མེད།(ས་ཞིང་ཆུ་ཡུར་ལས་སྨི་1.5ཙམ་གྱིས་མཐོ་བ་ཡོད་པ)ས་ཞིང་གི་ས་བབ་པད་ཆེ་གེ་མོའི་ཁང་པ་ལས་མཐོ་བས་ཞིང་ཆུ་འདྲེན་སྐབས་ཆུ་པད་ཆེ་གེ་མོའི་ཁྱིམ་གྱི་རྩིག་ཟུར་ལ་སིམ་པ་རེད།

    གནད་དོན་གྱི་འབྱུང་རྩ་གསལ་པོ་ཤེས་་རྗེས། གྲོང་སྡོད་ལས་དོན་རུ་ཁག་གིས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ངང་རྒྱུད་རིང་པོས་ཕྱོཌ་གཉིས་པོར《དམངས་དོན་ཁྲིམས་གཞུང》གི“ཆུ་འབུད་སྐོར་གྱི་ཁྱིམ་མཚེས་ཀྱི་འབྲེལ་བ”དང“ཁྱིམ་མཚེས་དབར་གྱི་གཏན་འཇགས་རྒྱུ་ནོར་སྤྱད་དེ་གནོད་འཚེ་མི་ཕོག་པ་བྱེད་པ”སོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་གསལ་བཤད་བྱས་ནས་པད་ཆེ་གེ་མོས་སོ་སོའི་ཁང་པའི་རྩིག་ཟུར་བརྟན་དུ་གཏོང་བ་དང་ཆབས་ཅིག་ཆུ་ཡུར་རྒྱ་ཆེར་བཏང་ནས་ཆུའི་ཁ་ཕྱོགས་འགྱུར་གང་ཐུབ་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་དང་ཤཱ་ཆེ་གེ་མོར་ས་ཞིང་གི་ཟུར་དུ་ཆུ་འགྲོ་བཟོས་ནས་ཞིང་ཆུ་པད་ཆེ་གེ་མོའི་ཁང་པའི་རྩིག་ཟུར་ལ་མ་སིམ་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    མིག་སྔར་ཕྱོགས་གཉིས་པོའི་དབར་འདུམ་སྒྲིག་ཡག་པོ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།