དབུ་ཤོག>ཁྲིམས་ལུགས།
  • འཐུང་ཆུ་བསྐྱལ་ནས་དམངས་ཀྱི་དཀའ་ངལ་བསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    ཉིན་ཤས་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཁྲོམ་པ་ཆུས་བསྣུབས་ནས་རྔེ་གཤིས་ཤང་གི་མང་ཚོགས་དང་ལས་བྱེད་ལས་བཟོ་དང་། དེ་བཞིན་ལྟེ་བའི་སློབ་ཆུང་གི་དགེ་སློབ་2000ལྷག་ཙམ་གྱི་འཚོ་བའི་འཐུང་ཆུར་དཀའ་ངལ་ཆེན་པོ་འཕྲད་ཡོད། རོགས་སྐྱོར་རེ་ཞུ་འབྱོར་རྗེས་ཁ་རུབ་ཆུས་རུ་འབྲིང་གི“མེ་ལྕེ་སྔོན་པོའི”དང་བླངས་ཞབས་ཞུ་རུ་ཁག་གིས་རང་འགུལ་ངང་མེ་གསོད་རླངས་འཁོར་བཏང་སྟེ་ཆུ་སྐྱེལ་བའི་ཞབས་འདེགས་ཞུས་པ་དང་། ཁྱོན་ཆུ་ཏུན་20ལྷག་ཙམ་བསྐྱལ་ནས་མང་ཚོགས་ལ་འཐུང་ཆུ་མཁོ་འདོན་བྱས་ཡོད། 

    51238dc4-527f-4599-8098-175bc04d5eab.jpg.jpg

    ▲ འདི་ནི་ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྔེ་གཤིས་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་ཟོན་དཔོན་དམག་གིས་མང་ཚོགས་དང་། དགེ་སློབ། དེ་བཞིན་ལས་བྱེད་ལས་བཟོ་བཅས་ལ་འཐུང་ཆུ་སྐྱེལ་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།