དབུ་ཤོག>ཁྲིམས་ལུགས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    b124d7cf-13c5-474c-b878-f79ad4d51187.jpg.jpg

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ནགས་ལས་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    85ba26b1-f91b-4442-a1b0-cea2c8285df7.jpg.jpg

    ཉེ་ཆར་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གིས་ཆབ་མདོ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་མཉམ་དུ་བྱེད་སྒོ་སྤེལ་ཏེ་ལོ་ཆུང་བྱིས་པ་དམག་སྒར་དུ་བསྐྱོད་ནས་དཔུང་སྡེའི་འཚོ་བ་ཉམས་ལེན་བྱས་ནས་གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཡོད།

    འདི་ནི་ཆབ་མདོ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མས་ཏང་གི་ལོ་རྒྱུས་དྲིལ་བསྒྲགས་ཀྱི་བརྙན་པར་ལ་ལྟ་བཞིན་པ།

    0db7b4a0-55ec-45ea-8882-0117f699d9cb.jpg.jpg

    ཉེ་དུས་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་མཐུན་སྦྱོར་བྱས་ཏེ་ཧེ་ལུང་ཅང་མུའུ་ཏན་ཅང་སྙིང་རྩའི་ནད་སྨན་ཁང་གི་སྨན་དོན་མི་སྣ་གདན་དྲངས་ནས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་བསྐྱོད་དེ་དུས་ཡུན་ཉིན་3ལ“ལྷན་སྐྱེས་སྙིང་ནད”ཕོག་པའི་བྱིས་པར་ནད་གཞི་དབྱེ་བཤེར་བྱ་སྤྱོད་སྤེལ་བ་རེད།

    བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ས་དགའ་རྫོང་གི་བྱིས་པ་ཁྱོན་3412ལ་དབྱེ་བཤེར་བྱས་ཤིང་། འདི་ནི་མུའུ་ཏན་ཅང་སྙིང་རྩའི་ནད་སྨན་ཁང་གི་སྨན་དོན་མི་སྣས་ས་དགའ་རྫོང་གི་བྱིས་པར“ལྷན་སྐྱེས་སྙིང་ནད”དབྱེ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།