ཏང་ཡོན་དང་བླངས་པ་སྒྲིག་འཛུགས་ཀྱིས་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལེའུ་ཟེ་ནང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་ཐོག་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱས་པ་རེད།
ཏང་ཡོན་དང་བླངས་པ་ཚོས་བཙོག་པར་མི་འཛེམ་པ་དང་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཆུ་ལམ་རྒྱུད་ཀྱི་འགྱིག་ཤོག་དང་འགྱིག་དམ། དེ་བཞིན་ཆུ་ལམ་དུ་དབྱུགས་པའི་འགྱིག་རྫས་སོགས་བསྒྲུགས་པ་རེད།