དབུ་ཤོག>ཁྲིམས་ལུགས།
  • མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    ཉེ་ཆར། སྙེ་མོ་རྫོང་གཞུ་སྨད་ཤང་སྲན་སྒང་གྲོང་ཚོས་གྲོང་ཚོ“ཨུ་ལྷན་གཉིས”དང་། ཆེད་བསྐོས་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་སྒྲིག་འཛུགས་བྱས་ནས“མི་རིགས་མཐུན་སྒྲིལ་ང་ཚོས་མཉམ་དུ་གཏོད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཚང་མས་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་འཚམས་འདྲིར་སྐྱོད་པ་དང་། སྐོར་བྲོ་འཁྲབ་པ། སྒེར་གྱི་འཁྲབ་རྩལ་ངོམ་པ། སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོ་སྤེལ་བ། ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། ཐུན་མོང་ཐོག་ཡར་ཐོན་ཡོང་བ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱད་ཆོས་ཡིན་ལུགས་མངོན་གསལ་དོད་པར་བྱས་པ་དང་། མང་ཚོགས་ལ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ལས་ཀ་དང་འཚོ་བའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ལག་ལེན་བསྟར་ནས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཆེ་མོའི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།