དབུ་ཤོག>ཁྲིམས་ལུགས།
  • ཆབ་མདོའི་ནགས་ཚལ་མེ་ཟོན་གྱིས་ཐག་རིང་འཕྲལ་སྒྲུབ་མེ་གསོད་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-28

    a20c7a08-3a9a-4db2-b1a3-3a2c6c30b8ef.jpg.jpg

    ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་རོགས་སྐྱོབ་གྲ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་པ་དང་། དཔུང་ཁག་གིས་མགྱོགས་མྱུར་དང་ལེན་ཞུ་བ་དང་མེ་གསོད་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་གྱི་ཐག་རིང་འཕྲལ་སྒྲུབ་མེ་གསོད་རོཌ་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་ཧུར་ཐག་བྱས་པ་རེད།

    ནང་སྦྱོང་དེ་ནི་ཉིང་ཁྲིའི་རྫོང་ཞིག་ཏུ་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་ཐོན་པ་རྒྱབ་ལྗོངས་སུ་བྱས་ཤིང་། ཉིང་ལག་རུ་ཁག་གི་མདུན་སྐྱོད་བཀོད་འདོམས་ཀྱིས་རྗེས་གྲབས་རུ་ཤོག་དང་པོ་ཡིན་པའི་ཁ་རུབ་ཆུས་དང་། མཛོ་སྒང་། འཕྲལ་སྡོམ་འཕྲིན་གཏོང་དང་རླངས་འཁོར་ཞབས་ཞུའི་རུ་འབྲིང་བཅས་ཁྱོན་མི་60ལྷག་ཙམ་ཁྲིད་དེ་སྦག་སྦག་གིས་སྐྱེལ་འདྲེན་བྱེད་ཐབས་སྤྱད་དེ་རྒྱལ་ལམ་318བརྒྱུད་མེ་སྐྱོན་ཐོན་ཁུལ་དུ་བསྐྱོད་པ་རེད།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་བོ་དང་། རྫ་ཡུལ། མེ་ཏོག་སོགས་སུ་ནགས་ཚལ་སྟུག་པོ་ཡོད་ཅིང་བོད་ཀྱི་སྔོ་ཁེབས་རིགས་མང་ཤོས་དང་སྣ་ཁ་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། འབར་སླ་བའི་དངོས་པོ་མང་བ་མ་ཟད། དཔྱིད་དུས་སྐམ་ཤས་ཆེ་བས་ནགས་ཚལ་གྱི་མེ་སྐྱོན་ཐོན་པའི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད། ཉེ་འཁོར་གྱི་གྲོང་ཁུལ་དུ་ཐོན་སྲིད་པའི་ནགས་ཚལ་གྱི་མེ་སྐྱོན་དང་རང་བྱུང་གནོད་འཚེ་གཞན་དག་ལ་དུས་ཐོག་ཏུ་ཁ་གཏད་ནུས་ལྡན་བཅག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པར་ཉིང་ལག་རུ་ཁག་གིས“ས་ཁོངས་ཧྲིལ་པོར་རོགས་སྐྱོབ་དང་། འཕྲལ་སྒྲུབ་རོགས་སྐྱོབ། བཀོད་འདོམས་ནུས་ཆེ། ས་གནས་ས་ཐོག་ཏུ་ཤར་བསྐྱོད”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། དེ་སྔའི་ཡུལ་གཅིག་བརྟན་སྲུང་བྱེད་པ་ནས་ཁུལ་ཁོངས་ཧྲིལ་པོར་སྐབས་བསྟུན་འགྱུར་ལྡོག་བཏང་སྟེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རྒྱུན་རྣམ་ཅན་གྱི་གེགས་སེལ་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    དུས་ཡུན་ཉིན་4ཡི་རིང་གི་ཐག་རིང་འཕྲལ་སྒྲུབ་ཀྱི་ནང་སྦྱོང་བྱས་པ་བརྒྱུད། ཉིང་ལག་རུ་ཁག་གིས་ཉིང་ཁྲིའི་རྫོང་ཞིག་ཏུ་མེ་ཤོར་བའི་ནགས་ཁུལ་གྱི་ས་དབྱིབས་རྩད་ཞིབ་དང་། འཐབ་རྩལ་བཀོད་སྒྲིག སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་པ་དང་། དེ་ནི་ཉིང་ལག་རུ་ཁག་གིས“གཙོ་གཅིག་རོགས་གཉིས”ཀྱི་འགན་ནུས་དང་ངེས་གནས་ལ་གཞི་ཚུགས་ནས་ནགས་ཚལ་མེ་ཟོན་དཔུང་ཁག་གི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་འཚོལ་ཞིབ་ཧུར་ཐག་བྱས་པས། དཔུང་ཁག་གི་བར་ཐག་རིང་བའི་སྟོབས་ཤུགས་དང་སྐབས་བསྟུན་གྱི་ནུས་པར་ཁྱོན་ཡོངས་ནས་ཞིབ་དཔྱད་ཐུབ་པ་མ་ཟད། དཔུང་ཁག་གི་ཐག་རིང་གི་འཕྲལ་སྒྲུབ་རོགས་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་དང་རང་ངོས་ཀྱི་འགན་ལེན་ནུས་པར་ཡང་ཞིབ་དཔྱད་ནུས་ལྡན་ཐུབ་ཡོད།

    གཞན་ཡང་དཔུང་ཁག་གིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་བོ་དང་། རྫ་ཡུལ། མེ་ཏོག་སོགས་གཙོ་གནད་དུ་མེ་ཟོན་དྲིལ་བསྒྲགས་བྱ་སྤྱོད་སྤེལ་ནས་མེ་ཟོན་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲཌ་དངོས་པོ་བསྡོམས་4000ལྷག་ཙམ་སྤྲད་པ་དང་སློབ་གསོ་ཐོབ་པའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ཡན་ཟིན་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་འབྲེལ་ཡོད་མི་སྣས་མིག་སྔར་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས། བོད་ལྗོངས་ས་ཁུལ་གྱི་གནམ་གཤིས་རྒྱུན་མཐུད་དྲོ་རུ་ཕྱིན་པས་ནགས་ཚལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་བྱེད་མི་རུང་། ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཉིན་མཚན་དབྱེར་མེད་ཀྱིས་ལས་རེས་དང་གྲ་སྒྲིག་ཡག་པོ་བྱས་ནས་སྟོབས་ཤུགས་གཙོ་བོ་འཐབ་ཕྱོགས་དང་པོར་གྲ་སྒྲིག་དང་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མདུན་ཕྱོགས་སུ་འགོག་སྲུང་དང་ཁུལ་ཁོངས་ཧྲིལ་པོར་འཕྲལ་མར་བསྐྱོད་དེ། ལས་འགན་འཕྲད་ཚེ་མགྱོགས་མྱུར་དང་ལེན་ཐུབ་པ་དང་ནུས་ལྡན་ངང་མེ་གསོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།