དབུ་ཤོག>ཁྲིམས་ལུགས།
  • འགན་འཁྲི་ནན་དུ་བཏང་ནས་འགོག་ཟོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-28

    དབྱར་དུས་ཀྱི་མེ་སྐྱོན་འགོག་ཟོན་གྱི་ལས་དོན་ཏན་ཏིག་སྒྲུབ་ཆེད། ཉེ་ཆར། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སློབ་གྲྭ་དང་ཨར་ལས་བྱ་ཡུལ་སོགས་སུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་། མེ་གསོད་རུ་མིས་གསོ་སྦྱོང་ནང་ཞུགས་མཁན་གྱི་མི་སྣར་མེ་གསོད་ཡོ་བྱད་སོགས་བེད་སྤྱོད་བྱེད་སྟངས་དང་། བདག་སྐྱོང་བྱེད་སྟངས། དེ་བཞིན་མེ་སྐྱོན་འགོག་ཟོན་གྱི་འབྲེལ་ཡོད་ཤེས་བྱ་བཅས་གསལ་འགྲེལ་བྱས་ཏེ། ཚང་མའི་མེ་ཟོན་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཟབ་ཏུ་ཏན་ཏིག་བཏང་བ་དང་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ་ལས་སྡེ་ཚན་ཁག་གི་མེ་ཟོན་བདེ་འཇགས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་དང་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་ནན་དུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    f065200b-8435-499d-9ebb-7467a9707d0d.jpg.jpg

    འདི་ནི་མེ་ཟོན་རུ་མིས་ས་གནས་ས་ཐོག་ཏུ་མེ་གསོད་ཡོ་བྱད་བེད་སྤྱོད་གཏོང་སྟངས་སློབ་བཞིན་པ།

    03ad94d3-65e8-4bf1-9289-89a4bd7f8523.jpg.jpg

    འདི་ནི་མེ་ཟོན་རུ་མིས་ཕྲུ་གུར་མེ་གསོད་ཡོ་བྱད་སྐོར་གྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    f2cd0fce-d408-466d-94ae-9a672acfbccb.jpg.jpg

    འདི་ནི་ཨར་པོ་རྒྱག་མཁན་གྱིས་མེ་གསོད་ཡོ་བྱད་སྤྱད་ནས་མེ་གསོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།