དབུ་ཤོག>ཁྲིམས་ལུགས།
  • སྲུང་སྐྱོང་དང་རོགས་སྐྱོབ་བྱེད་པ་ནི་ང་ཚོའི་ལྡོག་མེད་ཀྱི་ལས་འགན་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-06-28

    15bc6ee8-3efa-45b0-a9bc-270816b29d8f.jpg.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་རྨ་རས་དཀྲིས་བཞིན་པ།

    2021ལོའི་ཟླ་5པར། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་ཞིག་བོད་ཚ་རྫའི་ལམ་དུམ་དུ་སྐྱོད་སྐབས་འདམ་རྡོའི་ཆུ་རུད་འཕྲད་པ་དང་། ཁ་ལོ་བས་ཆུ་ཚོད་གཅིག་ཙམ་ཉེན་ཁ་ལས་ཐར་ཐབས་བྱས་ཀྱང་ད་དུང་དཀའ་ཉེན་ལས་གྲོལ་ཐུབ་མེད་པའི་སྐབས། དེར་སྐོར་གཡེང་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་ཐུབ་བསྟན་ཆོས་གྲགས་ཀྱིས་དཀའ་ཉེན་འཕྲད་པའི་རླངས་འཁོར་མཐོང་འཕྲལ་རླངས་འཁོར་ལས་བབས་ཏེ་ཐེ་ཚོམ་མེད་པར་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད།

    “སྐབས་དེ་དུས་རི་ལྡེབས་ཀྱི་བྱེ་མ་ཉིལ་གྲབས་ཡོད་པས་ལམ་སེང་སྐྱོབ་པར་མ་ཕྱིན་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད”ཅེས་ཐུབ་བསྟན་ཆོས་གྲགས་ཀྱིས་བཤད། གནས་ཚུལ་དེ་འདྲའི་སྐབས་སུ་ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཐག་པ་སྐེད་པར་བསྡམས་པ་མ་ཟད། ཉེན་རྟོག་པའི་རླངས་འཁོར་གྱི་མཇུག་གི་ཐག་པ་ནས་འཐེན་ཏེ་གོམ་པ་རེ་རེ་བཞིན་དཀའ་ཉེན་འཕྲད་པའི་རླངས་འཁོར་དེའི་ཕྱོགས་སུ་སྐྱོད་པའི་ལྟ་ཚོད་བྱས། ཐག་པའི་སྣེ་གཅིག་འཐེན་མཁན་ནི་རང་ཉིད་ཀྱི་ལས་རོགས་ཡིན་པ་དང་། སྣེ་གཞན་འཐེན་མཁན་ནི་ཐེངས་ཁ་ཤས་འགྱེལ་ཡང་སླར་ཡང་ལངས་ནས་འགྲོ་མཁན་ཐུབ་བསྟན་ཆོས་གྲགས་རེད། རི་སྟེང་ནས་རྡོ་ཡང་ཡང་ཟགས་པ་དང་འདམ་བག་ནང་དཀའ་ངལ་ཁྱད་བསད་ཀྱིས་བསྐྱོད་དེ། དཀའ་ཉེན་འཕྲད་པའི་རླངས་འཁོར་འདམ་ཆུས་ག་ལེར་གཤམ་དུ་འཁྱེར་ཉེར་ཡོད་པ་མཐོང་སྐབས་ཚང་མའི་སེམས་པ་ཀློང་ཀློང་པོར་གྱུར། མཇུག་ཏུ་ལྟ་ཚོད་ཐེངས་མང་བྱས་མཐར། ཐུབ་བསྟན་ཆོས་གྲགས་དཀའ་ཉེན་འཕྲད་པའི་རླངས་འཁོར་འཁྲིས་སུ་སླེབས་པ་དང་ཉེན་ཁར་གྱར་བའི་ཡུལ་སྐོར་བ་རླངས་འཁོར་གྱི་སྒོ་ཕྱེ་ནས་བསྐྱབས་པ་མ་ཟད། འདྲུད་བྱེད་ཐག་པ་རླངས་འཁོར་ལ་བསྡམས་ནས་ཉེན་ཁར་གྱར་བའི་ཁ་ལོ་བ་དང་མཉམ་དུ་དཀའ་ཉེན་འཕྲད་པའི་རླངས་འཁོར་འོག་གི་རྡོ་ཧྲུག་དང་འདམ་བག་མགྱོགས་མྱུར་བཤངས་ཏེ། ཆུ་ཚོད་1ཙམ་རྗེས་རླངས་འཁོར་བདེ་བླག་ངང་འདམ་རྡོའི་ཆུ་རུད་ནས་དོན་ཐུབ་པ་རེད།

    འདི་ལོའི་ཟླ་4ཚེས་1ཉིན་གྱི་ཐོ་རེངས་སུ་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་ལ་རྒྱལ་ལམ་G219བོད་ཚ་རྫའི་ལམ་དུམ་གྱི་འགྲོ་བ་དགོན་ཁོངས་ཀྱི་ས་བབ་མཐོ་ཚད་སྨི་4528ཡོད་པའི་ཡུལ་སྐྱིད་ལ་དང་ཚོགས་ལའི་ཉེ་འགྲམ་ལམ་ལ་གངས་གསོག་ཐེབས་ནས་རླངས་འཁོར་ཚབས་ཆེན་འགག་པའི་གནས་ཚུལ་མང་ཚོགས་ཀྱིས་སྙན་སེང་ཞུས་རྗེས། ཤུ་སྒྲ་གྲགས་ནས་འཁྱུག་ཙམ་ལ་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གི་སྒར་ཁུལ་དུ་གློག་འོད་ཁྲ་ཆིལ་ལེར་གསལ།

    བཀའ་རྒྱ་འབྱོར་རྗེས་མི་དམངས་ཉེན་རྟོག་པས་རོགས་སྐྱོབ་སྒྲིག་ཆས་འཁྱེར་བ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཕྲལ་མར་རོགས་སྐྱོབ་བྱ་ཡུལ་དུ་བསྐྱོད་ཅིང་། ལམ་བར་དུ་ཉེན་རྟོག་པར་རོགས་སྐྱོབ་རེ་ཞུའི་ཁ་པར་ཐེངས་3སྔ་རྗེས་སུ་འབྱོར་བ་ལས་ཉུང་མཐར་ཡང་རླངས་འཁོར་4ལ་ཉེན་ཁ་འཕྲད་པ་དང་རོགས་སྐྱོབ་ནར་འགྱངས་ཏིལ་འབྲུ་ཙམ་ཡང་བྱེད་མི་ཉན་པ་ཤེས་ཏེ། འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁ་བ་བུ་ཡུག་འཚུབ་པར་མ་འཛེམས་པར་ཆུ་ཚོད་3ཙམ་ལམ་ལ་སྐྱོད་རིང་ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་འགྲོ་ལམ་གཡས་གཡོན་དུ་འདྲེད་བརྡབ་ཤོར་ཉེན་ཆེ་བ་སོགས་ཀྱི་ཉེན་ཁ་དང་དཀའ་ངལ་ཁྱད་དུ་བསད་ནས་དུས་ཐོག་ཏུ་ལས་འཛོལ་ཐོན་ཡུལ་དུ་འབྱོར་བར་བྱས་པ་རེད།

    རོགས་སྐྱོབ་མི་དམངས་ཉེན་རྟོག་པས་སྦྱག་མས་གངས་འཁྱགས་བཤངས་པ་དང་ཁ་བ་བུ་ཡུག་ཁྲོད་དུ་ལག་གཉིས་འཁྱགས་ནས་ཚོར་བ་མེད་པར་གྱུར་ནའང་ཚང་མས་ངལ་གསོ་མ་བརྒྱབ་པར་ལས་ཀ་བྱས། ཆུ་ཚོད་4ལྷག་ཙམ་ཛ་དྲག་ངང་རོགས་སྐྱོབ་བྱས་པ་དང་མི་དམངས་ཉེན་རྟོག་པ་7གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རླངས་འཁོར་4དང་མང་ཚོགས་8བདེ་བླག་ངང་ཉེན་ཁ་ལས་སྒྲོལ་ཐུབ་པ་བྱུང་ཡོད། ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་དང་རླངས་འཁོར་བདེ་འཇགས་ཆེ་སར་བཀོད་སྒྲིག་བྱ་ཆེད། མི་དམངས་ཉེན་རྟོག་པ་ཚོས་ངལ་གསོ་རྒྱག་ཁོམ་མེད་པར་གངས་རྡིབ་བརྒྱབ་ནས་འགག་པའི་ལམ་བཤངས་ཏེ། ཉེན་ཁའི་གནས་ལ་གྱར་བའི་མང་ཚོགས་མགྲོན་ཁང་དུ་བཀོད་སྒྲིག་བྱས་རྗེས་ད་གཟོད་མི་དམངས་ཉེན་རྟོག་པ་ཚོ་སེམས་པ་ལྷོད་ལ་བབས་པ་རེད།

    “ཁོང་ཚོས་ང་ལ་རེ་བ་མི་འདུག་སྙམ་འདུག གང་ལགས་ཤེ་ན། དེ་དུས་ངའི་གཟུགས་པོར་དྲོད་གང་ཡང་མེད་པས་རེད། ཡིན་ནའང་ཁོང་ཚོས་ཁ་བ་བུ་ཡུག་ཁྲོད་ནས་ང་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཧོ་ནན་ཨན་དབྱང་ནས་ཡིན་པའི་ལི་ཆེ་གེ་མོས་མི་དམངས་ཉེན་རྟོག་པ་ལེའོ་ཧུང་པོ་ཡི་ལག་གཉིས་ནས་འཇུས་ཏེ་མིག་ནས་མཆི་ཞག་འཁོར་བཞིན་དུ་བཤད།

    ཉེ་བའི་ལོ་ཤས་རིང་། འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གིས་ཛ་དྲག་ངང་རོགས་སྐྱོབ་ཐེངས་50ལྷག་ཙམ་བྱས་པའི་ནང་ས་བབ་མཐོ་བའི་གངས་རིར་ཉེན་རྟོག་པ་132བཏང་ནས་རོགས་སྐྱོབ་ཐེངས་30ལྷག་ཙམ་བྱས་ཏེ། ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་85དང་རླངས་འཁོར་40དཀའ་ངལ་ལས་སྒྲོལ་རོགས་བྱས་པ་སོགས་རོགས་སྐྱོབ་སྣ་ཚོགས་ལ་ཞུགས་པའི་དབང་གིས་མི་དམངས་ཉེན་རྟོག་པ་རྣམས་སྔ་ས་ནས་གོམས་ཡོད། ནམ་ཡང་མཚམས་འཇོག་མི་བྱེད་པའི་རོགས་སྐྱོབ་ཀྱི་གཡུལ་སར་ཁོ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་བར་འཆི་བདག་དང་འཐབ་ནས་དྲག་ཆར་རླུང་འཚུབ་དང་ཁ་བ་བུ་ཡུག་ཁྲོད་དུ་མདུན་ནས་མདུན་དུ་བསྐྱོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།