དབུ་ཤོག>ཁྲིམས་ལུགས།
  • གནམ་གྲུ་ནས་ཐག་འཁྱུད་སྦྱོང་བརྡར་བྱེད་མཁན་གྱི་དམག་ཧྲག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-21


    p22_s.jpg

    “དམིགས་སར་འབྱོར་སོང་བས་ཐག་པ་གློད་ནས་འབབ་ན་འགྲིག”ཅེས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་ལྷོ་ཕྱོགས་ནགས་སྲུང་སྤྱི་ཁྱབ་ས་ཚིགས་དང་མཉམ་དུ་མཁའ་ཐོག་དང་ས་སྟེང་དམག་འཐབ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱེད་སྐབས། བྲག་ཡིབ་ཆུས་རུ་འབྲིང་གི་རུ་དཔོན་གཞོན་པ་པད་མ་ཚེ་རིང་གིས་སྙན་ཞུ་འབུལ་བཞིན་བརྗོད།

    ལྡིར་སྒྲའི་ཁྲོད་ལི་མདོག་གི་ཐད་འཕུར་གནམ་གྲུ་ཞིག་མཁའ་དབྱིངས་སུ་འཕུར་བཞིན་པ་དང་རོགས་སྐྱོབ་མི་སྣ་ཚོས་ཐག་པ་གློད་པ་དང་རོགས་སྐྱོབ་སྒྲིག་ཆས་འཁྱེར་ནས་བདེ་ལྕག་འཁྱུག་པོས་ཐད་འཕུར་གནམ་གྲུ་ནས་ཐག་འཁྱུད་གློད་དེ་འབབ་རྒྱུའི་གྲ་སྒྲིག་ཚང་མ་ལེགས་གྲུབ་བྱུང་ཟིན་པ་རེད།

    ཉིང་ཁྲི་གྲོང་ཁྱེར་དུ་དཔེ་མཚོན་གྱི་རི་མཐོ་གྲོག་རོང་གི་ས་དབྱིབས་ཆགས་པས་ཐད་འཕུར་གནམ་གྲུས་ཛ་དྲག་ངང་མི་སྣ་དང་དངོས་ཟོག་སྐྱེལ་བ་དེས་ས་དབྱིབས་ཀྱི་ཁོར་ཡུག་ལས་ཐོན་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ཀྱི་ཡོད། ཐག་འཁྱུད་གློད་དེ་འབབ་པ་དེས་ཕྱི་རོལ་གྱི་ཁོར་ཡུག་ལ་འཕྲོད་ནུས་ཆེ་བས་མགྱོགས་མྱུར་དང་གནད་སྨིན་ངང་མི་སྣ་སྐྱེལ་ཐུབ་ཀྱི་ཡོད་པར་བརྟེན། ནགས་ཚལ་གྱི་མེ་སྐྱོན་གྱི་རོགས་སྐྱོབ་ལས་དོན་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད།

    དེ་རྗེས་གནམ་གྲུ་ནས་ཐག་འཁྱུད་གློད་དེ་འབབ་པའི་ནང་སྦྱོང་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ནགས་ཚལ་གྱི་མེ་སྐྱོན་ཐོན་སྐབས་ས་དབྱིབས་ཀྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་ས་ངོས་ཀྱི་མི་སྣ་དང་སྒྲིག་ཆས་སྐབས་འགར་མེ་སྐྱོན་ཐོན་སར་འབྱོར་ཁག་པོ་ཡོད། གནམ་གྲུ་ནས་ཐག་འཁྱུད་གློད་དེ་འབབ་པའི་འཕུར་སྐྱོད་དེས་ཐད་འཕུར་གནམ་གྲུར་སྡོད་པའི་བྱ་ཐབས་ལ་བརྟེན་ནས་མེ་ཟོན་མི་སྣ་མགྱོགས་མྱུར་ངང་མེ་སྐྱོན་ཐོན་སའི་ཉེ་འགྲམ་དུ་སྐྱེལ་བ་དང་དུས་ཐོག་ཏུ་མེ་གསོད་ལས་དོན་སྤེལ་ནས་འཕྲལ་སྡོམ་རོགས་སྐྱོབ་ལ་རྩ་ཆེའི་དུས་ཚོད་ཐོབ་ཐབས་བྱེད་ཀྱི་ཡོད།

    མཐའ་མཇུག་གི་ནང་སྦྱོང་ནི་དཔྱང་ཟོམ་ལ་བརྟེན་ནས་མེ་གསོད་པ་དེ་ཡིན་ཞིང་། ཐད་འཕུར་གནམ་གྲུར་དཔྱང་ཟོམ་བསྒར་རྗེས་བར་སྣང་ནས་ཆུ་གཏོར་ཏེ་མེ་གསོད་ཀྱི་ཡོད་པ་རེད།

    ནང་སྦྱོང་ཐེངས་མང་བྱས་པ་བརྒྱུད། མཁའ་ཐོག་དང་ས་སྟེང་གི་གཞོགས་འདེགས་སྔར་བས་ཟབ་ཏུ་ཕྱིན་ནས་ཉིང་ཁྲི་གྲོང་ཁྱེར་གྱི“མཁའ་ཐོག་དང་ས་སྟེང་གཞི་གཅིག་ཅན”གྱི་རོགས་སྐྱོབ་བྱེད་སྟངས་མགྱོགས་མྱུར་ཆགས་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།