དབུ་ཤོག>ཁྲིམས་ལུགས།
  • ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་མང་ཚོགས་ལ་ཁ་བསླུས་ཐེབས་པའི་དངུལ་བདེ་བླག་ངང་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-14

    གློག་འཕྲིན་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་ཆེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྱོད་གཞིའི་མྱུལ་ཞིབ་ལས་དོན་ལ་དམིགས་ཏེ། གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་གནད་སྨིན་འདོན་པ། རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་པ་མ་ཟད། ད་དུང་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཞིང་ཆེན་བདུན་དང་གྲོང་ཁྱེར་བཅུ་བཞིར་བསྐྱོད་དེ། ཁ་བསླུས་བརྒྱབ་པའི་དངུལ་སྒོར་ཁྲི་8ལྷག་ཙམ་བདེ་བླག་ངང་ཚུར་བླངས་པ་རེད།

    360截图20220614111805122.jpg

    གྱོད་གཞི་དང་པོ།

    2022ལོའི་ཟླ་1ཚེས་29ཉིན་གྱི་ཆུ་ཚོད་12ཙམ་ལ་ལིའུ་ཆེ་གེ་མོ་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཡོང་སྟེ། 2022ལོའི་ཟླ་1ཚེས་8ཉིན་གྱི་ཆུ་ཚོད་18ཙམ་དུ་སྤྱི་ཚོགས་འབྲེལ་ལམ་མཉེན་ཆས་ཞིག་གི་བརྙན་ལམ་ནས“བྲིན་རྫུ”བྱས་ན་དངུལ་མང་པོ་རག་གི་ཡོད་པ་མཐོང་བྱུང་། བཀོལ་སྤྱོད་ཀྱི་གོ་རིམ་བཞིན“ཐེན་ག་གེ་མོའི”APPཕབ་ལེན་བྱས་པ་མ་ཟད། དེ་དང་ཆབས་ཅིག་རང་ཉིད་ཀྱི་དངུལ་ཁང་གཱའང་ཐོ་འགོད་བྱས་པ་ཡིན། ཐོ་བཀོད་བྱས་རྗེས་2022ལོའི་ཟླ་1ཚེས་8ནས་2022ལོའི་ཟླ་1ཚེས་27ཉིན་བར་ཕ་རོལ་པོས་མཁོ་འདོན་བྱས་པའི་དངུལ་ཁང་གཱ་22ལ་ཁྱོན་སྒོར་ཁྲི་15ཐེངས་22བྱས་ནས་བསྐུར་པ་ཡིན། འོན་ཀྱང་ད་བར་ཁེ་བཟང་བྱུང་མེད་པ་ཚོར་སྐབས། ད་གཟོད་རང་ཉིད་མགོ་སྐོར་འོག་ཚུད་པ་ཤེས་བྱུང་ཞེས་གྱོད་གཞི་སྙན་སེང་ཞུས།

    གྱོད་གཞི་གཉིས་པ།

    2022ལོའི་ཟླ་3ཚེས་6ཉིན་གྱི་ཕྱི་དྲོ་ལི་ཆེ་གེ་མོས་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཡོང་སྟེ། 2022ལོའི་ཟླ་3ཚེས་5ཉིན་རང་ཉིད་ལ་ཆ་རྒྱུས་མེད་པའི་འཕྲིན་ཐུང་ཞིག་འབྱོར་ནས་དངུལ་ཁང་ག་གེ་མོ་ཞིག་གི་ལས་ཀ་བྱེད་མཁན་ཡིན་ལུགས་བརྗོད་པ་མ་ཟད། དངུལ་བུན་གཡར་དགོས་ན་ཁོ་པ་དང་འབྲེལ་བ་བྱས་ན་འགྲིག་ཅེས་བཤད་བྱུང་། 2022ལོའི་ཟླ་3ཚེས་6ཉིན་ངས་མི་དེ་དང་འབྲེལ་བ་བྱས་ཏེ་APPཕབ་ལེན་བྱས་པ་མ་ཟད། ད་དུང་ཁོ་པས་བཤད་པ་གཞིར་བཟུང་སྒེར་གྱི་ཆ་འཕྲིན་དང་དངུལ་ཁང་གཱ་ཡི་ཨང་གྲངས་བྲིས་པ་ཡིན། ཕྱིས་སུ་ཕ་རོལ་པོས་ཆ་འཕྲིན་གྱི་ནང་དོན་འབྲི་སྟངས་ནོར་འདུག་ཅེས་བརྗོད་ནས་སྒོར་ཁྲི་5སྐུར་དགོས་ཞེས་བཤད་བྱུང་། དེ་རྗེས་དངུལ་བསྐུར་ནའང་ད་དུང་ཁ་ཡ་བྱེད་མཁན་མེད་པ་ཤེས་སྐབས། ད་གཟོད་རང་ཉིད་མགོ་སྐོར་འོག་ཚུད་པ་ཤེས་བྱུང་ཞེས་གྱོད་དོན་སྙན་སེང་ཞུས།

    གྱོད་གཞི་སྒྲུབ་གཉེར།

    གྱོད་གཞི་འབྱོར་རྗེས། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས་མྱུལ་ཞིབ་ལས་དོན་སྤེལ་བ་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་གཞི་དེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་མྱུལ་ཞིབ་ཀྱི་སྤྱི་བདེ་པུའི་ལས་སྟེགས་ནང་བཅུག་པ་དང་འབྲེལ། གྱོད་འབྲེལ་དངུལ་ཁང་གཱ་འཕྲལ་མར་བསྡམས་བཅད་བྱས་པ་རེད། གོང་རིམ་ཁ་བསླུས་འགོག་རྒོལ་སྡེ་ཚན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ཁོངས་གཏོགས་ཀྱིས་གྱོད་འབྲེལ་དངུལ་ཁང་གཱ་ཡི་ཆ་འཕྲིན་གཙོ་བོ་དང་། ཉོ་ཚོང་། མ་དངུལ། ཆ་འཕྲིན་བཅས་ལ་དབྱེ་ཞིབ་ནན་པོ་བྱས་པ་རེད།

    ཟླ་2ཚེས་22ཉིན་ནས་ཟླ་3ཚེས་19ཉིན་བར། གོང་རིམ་ཁ་བསླུས་འགོག་རྒོལ་སྡེ་ཚན་གྱི་རོགས་རམ་འོག མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མྱུལ་ཞིབ་པ་གཉིས་ཀྱིས་ཉིན་24རིང་ཞིང་ཆེན་བདུན་དང་གྲོང་ཁྱེར་བཅུ་བཞིར་བསྐྱོད་ནས་བརྟག་དཔྱད་བྱས་ཏེ། ལིའུ་ཆེ་གེ་མོར་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་6ལྷག་ཙམ་དང་། ལི་ག་གེ་མོར་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་2ལྷག་ཙམ་བཅས་ཁྱོན་སྒོར་ཁྲི་8ཚང་མ་ཚུར་བླངས་པ་རེད།

    མིག་སྔར་གྱོད་གཞི་དེ་གཉིས་མུ་མཐུད་བརྟག་དཔྱད་དཔང་ལེན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།