དབུ་ཤོག>ཁྲིམས་ལུགས།
  • གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་རྐུ་མ་བརྐུས་པའི་གྱོད་གཞི་3རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-14

     ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་རྐུ་མ་བརྐུས་པའི་གྱོད་གཞི་3བསྟུད་མར་རྩད་ཆོད་ནས་ཉེས་གསོག་དོགས་ཅན་2འཛིན་བཟུང་བྱས་པ་དང་ནག་དངུལ་དང་ནག་དངོས་ཁྱོན་སྒོར་ཁྲི་1.1ལྷག་ཙམ་ཚུར་བླངས་པས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇག་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    “5·19”རྐུ་མ་བརྐུས་པའི་གྱོད་གཞི་རྩད་ཆོད་ཅིང་། ཟླ་5ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་38ཙམ་ལ་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་བཀའ་རྒྱའི་ཐོག་ནས“གྲོང་ཁྱེར་དེའི་བསམ་གྲུབ་རྩེ་ཆུས་སྐྱིད་འཕེལ་ལམ་ཤིན་ཡེ་ཁུལ་ཆུང་བྱང་ངོས་ཀྱི་རྐང་ཐང་ལམ་དུ་བཞག་པའི་རླངས་འཁོར་ནས་དངུལ་སྒོར་2800བརྐུས་པའི་གྱོད་གཞི་ཞིག་ཐོན་འདུག བརྟག་དཔྱད་བྱེད་མཁན་གཏོང་རོགས”ཞེས་པའི་བཀའ་རྒྱ་འབྱོར། དེ་རྗེས་ཉིང་ལག་རུ་ཁག་དེས་འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་བ་རེད།

    མྱུལ་ཞིབ་ལག་རྩལ་གྱི་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་ས་གནས་ས་ཐོག་ཏུ་རྩད་ཞིབ་གཏིང་ཟབ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གློག་མིག་གི་དཔྱད་གཞི་དང་དེ་བཞིན་འབྲེལ་ཡོད་གྲངས་གཞི་དང་ཟུང་འབྲེལ་བྱས་ཏེ། དབྱེ་ཞིབ་དང་རྗེས་འདེད་བྱས་ནས་སྤེན་ཆེ་གེ་མོ་ཉེས་གསོག་དོགས་ཅན་ལ་གཏན་འཁེལ་བྱས་པ་རེད། ཟླ་5ཚེས་22ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གཙང་ལུང་ཐང་ཆེན་གྱི་ཇ་ཁང་ཞིག་ནས་ཁོ་པ་བདེ་བླག་ངང་བཟུང་བ་དང་ཆབས་ཅིག་ནག་དངུལ་སྒོར་800ལྷག་ཙམ་ཚུར་བླངས་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོས་གོང་གསལ་གྱི་རྐུ་རྒྱག་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་སྔར་བཞིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    རྐུ་མ་བརྐུས་པའི་གྱོད་གཞི་གཉིས་བསྟུད་མར་རྩད་ཆོད་ཅིང་། ཟླ་5ཚེས་4ཉིན་གྱི་ཆུ་ཚོད་17དང་སྐར་མ་30ཡོལ་ཙམ་ལ་སུའུ་ཆེ་གེ་མོ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་ཏུ་བསྐྱོད་དེ“ཟླ་5ཚེས་3ཉིན་གྲོང་ཁྱེར་འདིའི་བསམ་གྲུབ་རྩེ་ཆུས་སྲིད་གཞུང་གི་ཐོག་བརྩེགས་བདུན་པའི་ཆུས་ཨུད་གཞུང་དོན་ཁང་ནས་ཧྭ་ཝུའེ་ལག་ཁྱེར་གློག་ཀླད་ཅིག་བརླག་འདུག བརྟག་དཔྱད་བྱེད་མཁན་གཏོང་རོགས”ཞེས་པའི་ངག་ཐོག་སྙན་སེང་ཞུས།

    གྱོད་གཞི་གང་མགྱོགས་རྩད་གཅོད་དང་། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་། ཉེས་ཅན་ཟིལ་གྱིས་གནོན་པ་བཅས་བྱེད་ཆེད། ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་མྱུལ་ཞིབ་མི་སྣ་འཕྲལ་དུ་སྒྲིག་འཛུགས་བྱས་ཏེ་གྱོད་གཞིའི་མྱུལ་ཞིབ་ལས་དོན་སྤེལ་བ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་གྱོད་གཞི་ཐོན་ཡུལ་དུ་རྩད་ཞིབ་ཞིབ་ཚགས་དང་མང་ཚོགས་ལ་སྐད་ཆ་དྲིས་པ་དང་། ཕྱོགས་གཞན་ཞིག་ནས་ཉེ་འཁོར་གྱི་གློག་མིག་བརྙན་པར་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་མཐར་ལུའེ་ཆེ་གེ་མོ་ཉེས་གསོག་དོགས་ཅན་ལ་གཏན་འཁེལ་བྱས་པ་མ་ཟད། ཟླ་5ཚེས་23ཉིན་གྱི་ཆུ་ཚོད་12ཐོག་བསམ་གྲུབ་རྩེ་ཆུས་གཙང་ལུང་ཐང་ཆེན་གྱི་མགྲོན་ཁང་ཞིག་ནས་ལུའེ་ཆེ་གེ་མོ་བཟུང་བ་རེད།

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལུའེ་ཆེ་གེ་མོས་བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་ནས་རྐུན་མ་བརྐུས་པའི་ནག་ཉེས་ངོས་ལེན་ཞུས་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་ཅན་དེས་གྲོང་ཁྱེར་འདིའི་བསམ་གྲུབ་རྩེ་མི་དམངས་སྨན་ཁང་གཞུང་ལས་ཁང་ནས་པར་ཆས་ཤིག་བརྐུས་པའི་ཉེས་གསོག་གི་དོན་དངོས་གཞན་ཞིག་ཀྱང་ངོས་ལེན་ཞུས་པ་རེད།

    མིག་སྔར་རྐུ་མ་བརྐུས་པའི་ལག་ཁྱེར་གློག་ཀླད་དང་པར་ཆས་ཚུར་བླངས་ཐུབ་པ་དང་། ཉེས་གསོག་དོགས་ཅན་ལུའེ་ག་གེ་མོར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་གཞི་དེ་སྔར་བཞིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།