བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལད་ཟློས་དངོས་འཐབ་ཆེད་ལས་སྦྱོང་བརྡར་བྱས་པ།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་འཕྲིན་གཏོང་ཁྲུའུ་ཡིས། ལས་འགན་སྒྲུབ་རིང་གི་འཕྲིན་གཏོང་འགན་ལེན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འཕྲིན་གཏོང་མི་སྣ་སྒྲིག་འཛུགས་བྱས་ནས་ལྷ་སར་ལས་ཟློས་དངོས་འཐབ་ཆེད་ལས་སྦྱོང་བརྡར་བྱས་པ་རེད། ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད། “མཐུད་ཐུབ་པ་དང་། མཐོང་ཐུབ་པ། གོ་ཐུབ་པ། གནད་ལ་འཁེལ་བ”བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་སྦྲགས། གོམ་སྟབས་རྗེས་མར་མྱུར་སྒྲུབ་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ལས་འགན་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས་ཡོད།