དབུ་ཤོག>ཁྲིམས་ལུགས།
  • རོགས་སྐྱོབ་ཀྱི“མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-14

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་ནང་སྦྱོང་བྱས་ནས་ས་གནས་ས་ཐོག་ཏུ་ཆུ་རུད་དང་། ས་ཡོམ། ནགས་ཚལ་གྱི་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་འདྲ་བཟོ་བྱས་ནས་རོགས་སྐྱོབ་མི་སྣའི་ལས་བགོས་ཁ་གསལ་དང་། གཞོགས་འདེགས་དམ་ཟབ། ཛ་དྲག་ལ་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བཀོལ་སྤྱོད་བརྒྱུད་རིམ་ལ་ནན་པོར་གཞིགས་ཏེ། ནང་སྦྱོང་གི་རྣམ་གྲངས་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་པས། དཔུང་ཁག་ལ་སྦྱོང་བརྡར་དང་རོཌ་སྐྱོབ་འཇོན་ཐང་ཆེ་རུ་གཏོང་བའི་དམིགས་ཡུལ་གྲུབ་ཡོད།

    ད་ཐེངས་ཀྱི་ནང་སྦྱོང་དེ་དངོས་འཐབ་དང་འདྲ་བར་རྣམ་གྲངས་4ཡི་ནང་དོན་ཁག་15བཀོད་སྒྲིག་བྱས་པར་གཙོ་བོ་ཆུ་ཁོངས་དང་། རི་བོ། ས་ཡོམ་བཅས་ཀྱི་རོགས་སྐྱོབ་དང་མི་མེད་གནམ་གྲུའི་དངོས་འཐབ་མེ་གསོད་དང་བཀོལ་སྤྱོད་ལ་དམིགས་ཤིང་། དེའི་དམིགས་ཡུལ་ནི་དཔུང་ཁག་གི་དུས་འགོའི་སྦྱོང་བརྡར་བྱས་འབྲས་དང་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་བྱེད་ནུས་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག མི་མེད་གནམ་གྲུས་འགྱིག་གྲུ་དྲུད་ནས་ཆུ་ཐོག་རོགས་སྐྱོབ་དང་། སྒྲིག་ཆས་དངོས་རྫས་སྐྱེལ་བ། མདོང་ལམ་འདིང་བ། མེ་གསོད་ཕྱེ་སྐམ་ཁྱེར་ནས་མེ་གསོད་པ་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ནས། འཕྲལ་སྡོམ་རོགས་སྐྱོབ་ཀྱི“མཐའ་མའི་འགག་གནད”བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།