བདེ་འཇགས་ཞིབ་བཤེར་ཆེན་པོའི་ལས་དོན་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་པ།
ཟླ་5ཚེས་5ཉིན་བདེ་འཇགས་ལས་དོན་གྱི་ཞིབ་བཤེར་ཆེན་པོའི་བྱེད་སྒོ་སྤེལ་ཚུན། ཉིང་ཁྲི་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ལས་ཀའི་གཙོ་གནད་ལ་དམ་འཛིན་དང་། ལས་ཀའི་བྱེད་ཐབས་ཤུགས་ཆེར་གཏོང་བ། བདེ་འཇགས་ཞིབ་བཤེར་ཆེན་པོའི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔུང་ཁག་གི་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།
བདེ་འཇགས་ཀྱི་ལས་དོན་ལ་ཞིབ་བཤེར་ཆེན་པོ་བྱས་པ་བརྒྱུད། དཔུང་ཁག་ལ“མི་ཚང་མ་བདེ་འཇགས་ལྡན་ན་དཔུང་ཁག་ཧྲིལ་པོ་འགན་ལེན་དང་། ཉིན་ལྟར་བདེ་འཇགས་ལྡན་ན་ལོ་ཧྲིལ་པོ་འགན་ལེན”གྱི“གསུང་སྒྲ་སྙན་པོ”བརྒྱུད་སྤྲོད་ནུས་ལྡན་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བའི“དྲང་ནུས”དར་སྤེལ་གཏོང་བ་དང་། དཔུང་ཁག་ཚད་ལྡན་ཅན་འཛུགས་སྐྱོང་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་ཆེད་བདེ་འཇགས་དང་བརྟན་ལྷིང་གི་ནང་ངོས་ཁོར་ཡུག་བཏོད་ཡོད།