དབུ་ཤོག>ཁྲིམས་ལུགས།
  • ཉིན་141རིང་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་མདུན་དུ་བསྐྱོད་ནས་བཅའ་སྲུང་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-14

    ལོ་ལྟར་གྱི་ཟླ་12པ་ནས་ཕྱི་ལོའི་ཟླ་4པ་བར་ནི་བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འགག་རྩའི་དུས་ཚིགས་རེད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་མདུན་དུ་བསྐྱོད་ནས་བཅའ་སྲུང་ཡན་ལག་རུ་ཁག་གཉིས་ཀྱིས་ཉིན་141རིང་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་རྫོང་དང་ལྷོ་བྲག་རྫོང་གཉིས་ཀྱིས་མདུན་དུ་བསྐྱོད་ནས་བཅའ་སྲུང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། མིག་སྔར་བཅའ་སྲུང་ཁག་གི་ཡན་ལག་རུ་ཁག་གིས་འཆར་གཞི་ལྟར་ཁག་ཐེངས་བགོས་ནས་ལྷོ་ཁ་གྲོང་ཁྱེར་དུ་རྒྱུན་རྣམ་གྱི་བཅའ་སྲུང་ལས་འགན་སྒྲུབ་བཞིན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ནགས་ཚལ་ཁྱབ་ཚད་30.55%ཟིན་པ་དང་། ལྷོ་བྲག་རྫོང་དུ་ནགས་ཚལ་ཁྱབ་ཚད་33.88%ཟིན་ནས་ནཌ་ཚལ་དང་སྔོ་ཁེབས་ཀྱི་རིགས་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེ་དང་ཆབས་ཅིག་རྫོང་གཉིས་སུ་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་མང་བས་ལོ་ལྟར་མེ་སྐྱོན་སྔོན་འགོག་གི་འགག་རྩའི་དུས་སུ་ཡུལ་སྐོར་བ་མང་དུ་འགྲོ་བ་དང་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་གྱི་དཀའ་གནད་ཆེ་རུ་འགྲོ་བས་མེ་སྐྱོན་སྔོན་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད།

    གཙོ་གནད་ནགས་ཁུལ་དུ་ནགས་ཚལ་གྱི་མེ་སྐྱོན་མི་ཐོན་པ་བྱེད་ཆེད། ལས་འགན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་མཛུབ་ཁྲིད་དང་རོགས་རམ་འོག “སྔོན་འགོག་གཙོ་བོར་བྱེད་པ་དང་མེ་སྐྱོན་ཧུར་ཐག་སེལ་བའི”བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་མདུན་དུ་བསྐྱོད་ནས་གཙོ་གནད་བཅའ་སྲུང་བྱས་ཏེ་དུས་མཚམས་གལ་ཆེན་དང་གཙོ་གནད་ས་ཁུལ་དུ་ཉིན་མཚན་བལྟོས་མེད་ཀྱིས་ལས་རེས་བྱས་ནས། མེ་སྐྱོན་ཐོན་ཚེ་མྱུར་དུ་ཐག་གཅོད་བྱེད་པའི་འགན་ལེན་གྱིས་མེ་སྐྱོན་སྔ་ཙམ་སྔོན་འགོག་བྱེད་པ་དང་ཆུང་ས་ནས་སྔོན་འགོག་གི་དམིགས་ཚད་དུ་སླེབས་ཐུབ་པར་བྱས་ཡོད། རྒྱ་ཚ་དང་ལྷོ་བྲག་རྫོང་གཉིས་ཀྱི་གཙོ་གནད་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ས་ཁོངས་ཚང་མར་བཅའ་སྲུང་བྱེད་རིང་ནགས་ཚལ་གྱི་མེ་སྐྱོན་མི་ཐོན་པའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    བཅའ་སྲུང་བྱེད་རིང་སྤྱི་ཁྱབ་རུ་ཁག་གི་རྒྱུན་ཨུ་དང་ཁྲུའུ་ཡི་འགོ་ཁྲིད་བཅའ་སྲུང་བྱ་ཡུལ་དུ་ཐེངས་མང་བསྐྱོད་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཤིང་། འཐབ་ས་དང་པོར་བསྐྱོད་དེ་བཅའ་སྲུང་གི་གནས་ཚུལ་ཤེས་རྟོགས་བྱས་ནས་བཀོད་འཐབ་པའི་འཚོ་བའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་མ་ཟད། བཅའ་སྲུང་ཡན་ལག་རུ་ཁག་གི་དམག་གྲབས་ལས་དོན་ཁག་ལ་མཛུབ་ཁྲིད་ཀྱང་བྱས་ཏེ། རུ་མིའི་འགན་འཁྲིའི་བསམ་པ་དང་གཟི་བརྗིད་ཀྱི་བསམ་པ་ཆེ་རུ་ནུས་ལྡན་ཕྱིན་ནས། ཚད་གཞི་མཐོ་པོ་དང་སྤུས་ཚད་ལེགས་པོའི་ངང་བཅའ་སྲུང་གི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད།

    ཉིན་141གི་ནང་རྒྱ་ཚ་དང་ལྷོ་བྲག་གི་བཅའ་སྲུང་ཡན་ལག་རུ་ཁག་གིས“གནམ་ལོ་གསར་ཚེས”དང“དྭངས་གསལ་དུས་ཚིགས”“ལྔ་གཅིག”སོགས་མེ་སྐྱོན་སྔོན་འགོག་གི་ཆེད་དོན་བྱ་སྤྱོད་དང་ལས་སྒྲུབ་སྐོར་སྲུང་ཐེངས་50ལྷག་ཙམ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་། ནགས་སྲུང་པའི་གསོ་སྦྱོང་ཐེངས་10ལྷག་ཙམ་བྱས་པ། གོ་མཚོན་ཁྱེར་ནས་སྐོར་སྲུང་སྤྱི་ལེ་300ལྷག་ཙམ་བྱས་པ། དམངས་ལ་རོགས་རམ་བྱས་ནས་དཀའ་ངལ་ཐེངས་30ལྷག་ཙམ་བསལ་བ། མེ་སྐྱོན་སྔོན་འགོག་གི་དྲིལ་བསྒྲགས་ཤོག་ལྷེ་20000ལྷག་ཙམ་སྤྲད་པ། ནགས་ཚལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གནས་ས་130ལྷག་ཙམ་གྲལ་བཤེར་བྱས་པ། སྒྲིག་འགལ་ངང་མེ་སྤྱོད་ཚུལ་30ལྷག་ཙམ་བཀག་སྡོམ་བཅས་བྱས་ནས“མེ་སྐྱོན་མི་ཐོན་པའི”ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་2022ལོའི་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་གི་ལས་དོན་ལ་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།