དབུ་ཤོག>ཁྲིམས་ལུགས།
  • སྐྱེས་པ་ཞིག་གིས་རྙེད་པའི་དངུལ་ཁུག་ནང་གི་དངུལ་ཁང་གཱ་ནས་དངུལ་བཏོན་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-06-07

    7438d0a3-a714-4268-81f1-48ce0b2a0f5d.jpg.jpg

    ▲འདི་ནི་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས་བཟུང་བའི་ཉེས་གསོག་དོགས་ཅན་ཡིན་པ།

    4b4c7a47-8c56-4d59-96b1-62df5061ca2b.jpg.jpg

    ▲འདི་ནི་ཉེས་གསོག་དོགས་ཅན་གྱིས་བརྐུས་དངོས་བཀྲམ་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་སྐྱེས་པ་ཞིག་གིས་རྙེད་པའི་དངུལ་ཁུག་ནང་གི་དངུལ་ཁང་གཱ་ནས་དངུལ་བཏོན་པར་ཉེས་གསོག་དོགས་གཞི་ཡོད་པས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཉེན་རྟོག་ཕྱོགས་ཀྱིས་བཟུང་བ་རེད།

    རིན་སྤུངས་རྫོང་སྤྱི་བདེ་ཅུས་ལ་མང་ཚོགས་ཞིག་གིས་ང་རང་ཕུག་སྟེང་ཟམ་ཆེན་ནས་མོ་ཊ་བཀག་སྟེ་རིན་སྤུངས་རྫོང་གྲོང་དུ་སྐྱོད་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་དངུལ་ཁུག་བོར་བརླག་སོང་འདུག དངུལ་ཁུག་ནང་དངུལ་ཁང་གཱ་དང་། དངུལ་ཁང་གཱ་ཡི་གསང་བའི་ཨང་གྲངས་བྲིས་པའི་ཤོག་འཛར། དེ་བཞིན་དངུལ་སྨར་ཁ་ཤས་བཅས་ཡོད། དངུལ་ཁུག་བརླག་རྗེས་དངུལ་ཁང་གཱ་ནས་དངུལ་བཏོན་པའི་ཆ་འཕྲིན་འབྱོར་བྱུང་ཞེས་སྙན་སེང་ཁ་པར་འབྱོར།

    མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གཏན་འཁེལ་བྱས་ནས་བཟུང་བ་རེད།

    ཐོག་མའི་འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱིས་དོ་བདག་གི་དངུལ་ཁུག་ནང་གི་དངུལ་སྨར་སྒོར་600དང་དེ་བཞིན་དངུལ་ཁང་གཱ་ནས་དངུལ་སྨར་སྒོར་15000བཏོན་པའི་གནས་ཚུལ་ངོས་ལེན་ཞུས། མིག་སྔར་དངུལ་སྒོར་15600ཚང་མ་དོག་བདག་ལ་སྤྲད་ཟིན་པ་དང་། གྱོད་གཞི་འདི་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    ཉེན་རྟོག་པས་དྲན་སྐུལ་བྱས་དོན། གལ་སྲིད་མང་ཚོགས་ཀྱི་བོར་དངོས་རྙེད་ན་དུས་ཐོག་ཏུ་ཉེན་རྟོག་ཕྱོགས་ལ་ཁ་པར་བརྒྱབ་ནས་རྩིས་སྤྲོད་དགོས། སྟེས་དབང་གི་བསམ་བློ་དང་འདོད་རྔམ་གཏན་ནས་བྱ་མི་རུང་། དངུལ་ཁང་གཱ་ཡི་དོ་བདག་གིས་ཀྱང་གསང་བའི་ཨང་གྲངས་དོ་ནན་གྱིས་བཟོ་དགོས། སྟབས་བདེ་ཡོང་ཆེད་སྐྱེ་སྐར་དང་། ཨང་གྲངས་གཅིག་རྐྱང་མ། དེ་བཞིན་123456ལ་སོགས་ངེས་སླ་བའི་གསང་བའི་ཨང་གྲངས་གཏན་ནས་བཟོ་མི་རུང་། ལྷག་དོན་དུ་གཞན་གྱིས་ལྐོག་ཏུ་དངུལ་མི་འདོན་པའི་ཆེད་དུ་གསང་བའི་ཨང་གྲངས་གཱ་དང་མཉམ་དུ་གཏན་ནས་འཇོག་མི་རུང་། དཔལ་འབྱོར་གྱི་གྱོང་རྒུན་མི་ཕོག་པའི་ཆེད་དུ་དངུལ་ཁང་གི་གཱ་བོར་བརླག་སོང་རྗེས་འཕྲལ་དུ་དངུལ་ཁང་དུ་བོར་བརླག་གི་ཟིན་ཐོ་འགོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།