དབུ་ཤོག>ཁྲིམས་ལུགས།
  • དམངས་ལ་ཞབས་འདེགས་ཞུ་བར་དོན་ཆུང་མེད། ཟོལ་མེད་རོགས་སྐྱོབ་བྱས་ནས་མི་སེམས་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-31

    _ 货车侧翻,移民管理警察及时救援(分离(2213517)-20220517135807_s.jpg

    འདི་ནི་མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཚོས་ལམ་སྐྱོར་གྱི་ཕྱིར་ལུས་པའི་དངོས་ཟོག་དག་ལམ་སྐྱོར་གྱི་བདེ་འཇགས་ཁུལ་དུ་སྤོ་བཞིན་པ།

    _ 货车侧翻,移民管理警察及时救援(分离(2213522)-20220517135802_s.jpg

    འདི་ནི་མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཚོས་དངོས་ཟོག་དག་ཟོག་འདྲེན་རླངས་འཁོར་གཞན་ཞིག་ཏུ་བླུག་བཞིན་པ།

    _ 货车侧翻,移民管理警察及时救援(分离(2213520)-20220517135814_s.jpg

    འདི་ནི་ལས་འཛོལ་ཐོན་ས་ཡིན་པ།

    “ངའི་རླངས་འཁོར་མགོ་རྟིང་ལོག་ཀྱང་མིར་རྨས་སྐྱོན་ཕོག་མི་འདུག འོན་ཀྱང་དངོས་ཟོག་ཚང་མ་ལམ་ངོས་སུ་ཁ་ཐོར་གུ་ཐོར་སོང་འདུག་པས་ཁྱེད་ཚོས་རོགས་པ་གནང་རོགས། ང་ད་ལྟ་ཉེན་བརྡ་གཏོང་ས་དང་པོའི་ཉེ་འགྲམ་དུ་ཡོད” ཟླ་5ཚེས་11ཉིན་གྱི་ཆུ་ཚོད་13ཙམ་ལ་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ལུང་མཐའ་མཚམས་མངགས་གཏོང་ཁང་ལ་རོགས་སྐྱོབ་ཉེན་བརྡ་འབྱོར་ནས། ཟོག་འདྲེན་རླངས་འཁོར་ཞིག་ཁོངས་གཏོགས་ཁུལ་གྱི་ཡུལ་གསུམ་གྲོང་ཚོའི་རྒྱལ་ལམ་219ཡི་དཀྱོག་མཚམས་ཤིག་ཏུ་ཁ་ཤོར་ཏེ་མགོ་རྟིང་ལོག་པས་དངོས་ཟོག་ལམ་ངོས་སུ་ཐོར་ནས་འགྲོ་ལམ་འགགས་ཡོད་པ་རེད། ཉེན་བརྡ་གཏོང་མཁན་གྱིས་མངགས་གཏོང་ཁང་དེས་བཙུཌ་པའི་ཉེན་བརྡ་གཏོང་སའི་ས་ཚིགས་ཀྱི་མཚོན་རྟགས་བྱང་བུ་བརྒྱུད། ལས་འཛོལ་ཐོན་ཡུལ་མགྱོཌ་མྱུར་གསལ་བཤད་བྱས་པ་རེད། ཉེན་བརྡ་འབྱོར་རྗེས་མངགས་གཏོང་ཁང་དེས་འཕྲལ་མར་མི་དམངས་ཉེན་རྟོག་པ་5སྒྲིག་འཛུགས་ཀྱིས་ལས་འཛོལ་ཐོན་ཡུལ་དུ་རོགས་རམ་བྱེད་པར་བསྐྱོད།

    རོགས་རམ་མི་དམངས་ཉེན་རྟོག་པས་ཁ་ལོ་བར་སེམས་གསོ་གཏོང་ཞོར་དུ་ལས་འཛོལ་ཐོན་ཡུལ་དུ་ཉེན་ཟོན་ཐག་པ་འཐེན་ནས་གོ་རིམ་ལྡན་པའི་ངང་འགྲོ་ལམ་གཤོང་རོགས་བྱས་པ་དང་འབྲེལ། ཁ་ལོ་བར་ཟོག་འདྲེན་རླངས་འཁོར་གཞན་འཚོལ་རོགས་ཀྱང་བྱས་པ་རེད།

    ཆུ་ཚོད་2ཙམ་འབད་བརྩོན་བྱས་པ་བརྒྱུད་དངོས་ཟོག་ཚང་མ་དབོར་ཟིན་ལ། ལམ་ངོས་སུ་ལུས་པའི་ཟོག་རོ་དག་ཀྱང་གཙང་སེལ་བྱས་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་རེད།

    རོགས་སྐྱོར་བྱེད་རིང་། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ལས་འཛོལ་ཐོན་པའི་ཁ་ལོ་བར་དུས་ཐོག་ཏུ་སྒོར་ཁྲི་12རི་བའི་དངོས་ཟོག་བདེ་འཇགས་ངང་དབོར་རོགས་བྱས་ནས་སླར་ཡང་ལས་འཛོལ་མི་ཐོན་པ་བྱས་པ་མ་ཟད། ལས་འཛོལ་ཐོན་སའི་ལམ་དུམ་ཤར་གཏོང་ཐུབ་པའི་འགན་ལེན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།