དབུ་ཤོག>ཁྲིམས་ལུགས།
  • ཛ་དྲག་རོགས་སྐྱོབ་དང་མེ་གསོད་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-31

    ཉེ་དུས། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་པའི་བཀོད་འདོམས་བྱེད་ནུས་གསོ་སྦྱོང་འཛིན་གྲྭས་ཛ་དྲག་རོགས་སྐྱོབ་དང་མེ་གསོད་སྦྱོང་བརྡར་བྱས་པ་རེད།

    དངོས་ཡོད་བཀོལ་སྤྱོད་ཀྱི་སྦྱོང་བརྡར་བྱེད་རིང་། གསོ་སྦྱོང་རུ་མིས་ཐོག་མཐའ་བར་གསུམ་དུ་སྦྱོང་བརྡར་གྱི་སྤྲོ་སེམས་རབ་ཏུ་འཕེལ་བ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་གི་རྣམ་འགྱུར་ནན་ཏན་འཛིན་པ། བཀོལ་སྤྱོད་ཐབས་ཤེས་ཀྱི་གོ་རིམ་ལ་ནན་པོ་གཞིགས་པ། སློབ་ཁྲིད་དགེ་རྒན་གྱིས་སྦྱོང་བརྡར་བྱེད་རིང་ལྷག་པའི་ཞན་ཆ་དང་གནད་དོན་གསལ་སྟོན་བྱེད་པ་དང་འབྲེལ་ལེགས་གཏོང་གི་ཐབས་ཤེས་འདོན་པ། དོ་སྣང་བྱེད་དགོས་པའི་དོན་ཚན་ནན་བཤད་བཅས་བྱས་པས། དངོས་ཡོད་བཀོལ་སྤྱོད་བྱེད་རིང་གསོ་སྦྱོང་ལ་ཞུགས་མཁན་གྱི་སྦྱོང་བརྡར་སྒྲིག་འཛུགས་དང་དམག་རྒྱག་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།