དབུ་ཤོག>ཁྲིམས་ལུགས།
  • བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-24

    (新媒体)日喀则边境管理支队亚热边境派出(2055242)-20220510173445_s.jpg

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས》དྲིལ་བསྒྲགས་བྱེད་བཞིན་པ། 

    མི་དམངས་ཉེན་རྟོག་པའི་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་དང་ཁྲིམས་བཞིན་སྲིད་འཛིན་པའི་འཇོན་ཐང་ཆེ་རུ་གཏོང་བ། བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་རྒྱལ་མཚམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། “ནང་ཁུལ་དུ་ཁྱབ་གདལ་དང་ཕྱིར་ཕྱོགས་ལ་དྲིལ་བསྒྲགས”ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བཅས་བྱེད་ཆེད། ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་མིག་སྔར་སྤེལ་བཞིན་པའི“བཅའ་ཁྲིམས་ལ་བརྟེན་ནས་གངས་ལྗོངས་མཐའ་མཚམས་འགག་སྒོ་སྐྱོང་བའི”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་དང་། ཚན་པའི་ལས་ཀའི་དོན་དངོས་དང་ལས་འགན་གྱི་དུས་བབ་ལ་གཞིས་ཚུགས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས》ཆེད་དོན་སློབ་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ། སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཤིག་ཕྱོགས་ཡོངས་ནས་འཕྱུར་བ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།