དབུ་ཤོག>ཁྲིམས་ལུགས།
  • བོད་ལྗོངས་ཀྱི་མེ་ཟོན་སྲུང་ཡོལ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-24

    “ལྔ་གཅིག”ངལ་གསོའི་རིང་། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ས་ཆ་གཞན་དང་བྱ་སྤྱོད་མཉམ་དུ་སྤེལ་ཏེ། བཀོད་འཐབ་པ་400དང་། རླངས་འཁོར་སྣ་ཚོགས་38 སྒྲིག་ཆས་དང་དངོས་རྫས་700ལྷག་ཙམ་བཅས་བེད་སྤྱད་ནས་ལྷོ་རིའི་སྤྱི་གླིང་དང་། ཇ་རྟའི་ཐང་ཆེན། ཤུག་སྡོང་རྒྱལ་པོ། བི་རི་གནས་རི་སོགས་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མི་སྣ་འདུ་འཛོམས་ཆེ་ས་17དུ་མེ་ཟོན་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་གི་རྩ་བའི་དམིགས་ཡུལ་ནི་གསོ་སྦྱོང་ལ་ཞུགས་མཁན་གྱི་ནགས་ཚལ་མེ་ཟོན་མེ་གསོད་ལས་དོན་གྱི་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས། “ཕྱོགས་ཡོངས”དང“ཞིབ་ཚགས”ཡོང་བ་བྱེད་པ་དང་། དེ་བཞིན་བཅའ་སྡོད་བྱ་ཡུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་དེ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།