དབུ་ཤོག>ཁྲིམས་ལུགས།
  • རྫ་ཡུལ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-17

    འདི་ནི་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    སྲིད་གཞུང་ལས་ཁུངས་ཀྱི་ལས་དོན་མི་སྣའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དེ་བས་མང་བ་ཤེས་པར་བྱེད་པ། ནགས་ཚལ་གྱི་མེ་ཟོན་མེ་གསོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ་4ཚེས་28ཉིན་གྱི་ཕྱི་དྲོ། རྫ་ཡུལ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྲིད་གཞུང་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་ལས་བྱེད་པ་དང་ལས་བཟོ་70ལྷག་ཙམ་ཞུགས་ཡོད།

    གསོ་སྦྱོང་བྱེད་རིང་། དྲིལ་བསྒྲགས་མི་སྣས་ནགས་ཚལ་མེ་གསོད་སྒྲིག་འཛུགས་བཀོད་འདོམས་དང་དེ་བཞིན་མེ་གསོད་བདེ་འཇགས་ཟུང་འབྲེལ་བྱས་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་ཞིབ་འཇུག་བྱས་པ་དང་། དེ་རྗེས་དྲིལ་བསྒྲགས་མི་སྣས་ལས་བྱེད་ལས་བཟོར་མེ་གསོད་ཡོ་བྱད་སྣ་ཚོགས་བེད་སྤྱོད་ཡང་དག་བྱེད་སྟངས་དང་དོ་སྣང་བྱེད་དགོས་པའི་གནད་དོན་སོགས་གཞི་རྩའི་རྒྱུན་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་མེ་གསོད་སྟངས་སློབ་པར་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཞུགས་པ་རེད། དེ་དང་ཆབས་གཅིག་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་དངོས་རྫས་སྤྲད་དེ་ལས་བྱེད་པ་དང་ལས་བཟོའི་མེ་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

    ད་ཐེངས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད། ལས་བྱེད་པ་དང་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ནགས་ཚལ་མེ་ཟོན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་ནས་ཚན་པའི་མེ་ཟོན་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་ནུས་པ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།