དབུ་ཤོག>ཁྲིམས་ལུགས།
  • བྲག་ཡིབ་ཆུས་ཀྱིས་ནག་སེལ་གཤེད་བཅོམ་གྱི“བྱེད་སྒོ་ཆེན་པོ་བཞི”སྤེལ་ནས“བྱ་བ་དངོས་བཅུ”དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-10

    巴宜区扫黑除恶“四大活动”助推“十件实事(1960799)-20220421121836_s.jpg

    འདི་ནི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གི་ལས་དོན་མི་སྣས་ཁུལ་ཆུང་དུ་འདྲི་རྩད་དང་མཐིལ་རྟོགས་གྲལ་བཤེར་བྱེད་པ།

    巴宜区扫黑除恶“四大活动”助推“十件实事(1960797)-20220421121827_s.jpg

    འདི་ནི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གི་ལས་དོན་མི་སྣས་བརྟག་ཞིབ་ཆེན་པོ་བྱེད་བཞིན་པ།

    巴宜区扫黑除恶“四大活动”助推“十件实事(1960791)-20220421121816_s.jpg

    འདི་ནི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གི་ལས་དོན་མི་སྣས་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་བྱེད་བཞིན་པ།

    2022ལོ་ནི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་གཉིས་མཉམ་འགུལ་ལྟ་སྐུལ་ཞིབ་བཤེར་གྱི་ལོ་དང་། “ལས་རིགས་ཁྱབ་ཁོངས་ཆེན་པོ་བཞིར”བཅོས་སྒྲིག་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་གྱི་ལོ། 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལག་བསྟར་ལོ་བཅས་རེད། 2022ལོའི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི“བྱ་བ་དངོས་བཅུ”དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་རྒྱུར་གོ་རིམ་ཡོད་པ་དང་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚོགས་པར་བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར་བྲག་ཡིབ་ཆུས་ཀྱི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ཆེད་མངགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་དུ“གཞི་རིམ་དང་དུད་ཚང་དུ་སྐྱོད་པའི་བཅར་འདྲི་ཆེན་པོ་དང་། ལས་རིགས་ཁྱབ་ཁོངས་སུ་བརྟག་ཞིབ་ཆེན་པོ། གནད་དོན་གྱི་ཁུངས་སྣེར་མཐིལ་རྟོགས་གྲལ་བཤེར་ཆེན་པོ། སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཆེན་པོ”བཅས་ཀྱི་བྱེད་སྒོ་སྤེལ་བར་ཕན་འབྲས་རགས་ཙམ་ཐོན་ཡོད།

    གཞི་རིམ་དང་དུད་ཚང་དུ་སྐྱོད་པའི་བཅར་འདྲི་ཆེན་པོ་བྱས་པ། འཆར་གཞི་ལྟར་ན་ཟླ་བ་གཅིག་ཙམ་གྱི་དུས་ཚོད་ནང་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་། གྲོང་ཚོ་གྲོང་ལྷན(སྡེ་ཁུལ)“10+1”ལས་རིགས་ཁྱབ་ཁོངས་སུ་བསྐྱོད་དེ། གཅིག་སྡུད་བཅར་འདྲི་ཆེན་པོ་བྱས་ནས། གཞི་གྲངས་མཐིལ་རྟོགས་དང་གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱས་པ་དང་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་ལེན་བྱས་ཡོད།

    ལས་རིགས་ཁྱབ་ཁོངས་སུ་བརྟག་ཞིབ་ཆེན་པོ་བྱས་པ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། བརྟག་ཞིབ་ཆེན་པོའི་འཆར་གཞི་བཟོས་པ་དང་། “རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་དང་ལས་རིཌ་ཆེན་པོ་བཞིའི་ཁྱབ་ཁོངས་དག་ཐེར་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》བཅས་བརྟག་ཞིབ་བྱ་གཞི་གསུམ་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱས་པ། འགན་འཁྲིའི་འགོ་ཁྲིད་དང་། འགན་འཁྲིའི་སྡེ་ཚན། ལེགས་སྒྲུབ་དུས་ཚོད། ལས་ཀའི་བླང་བྱ་བཅས་རེ་རེ་བཞིན་གསལ་པོ་བཟོས་ཡོད།

    གནད་དོན་གྱི་ཁུངས་སྣེར་མཐིལ་རྟོགས་གྲལ་བཤེར་ཆེན་པོ་བྱས་པ། 2021ལོའི་ཟླ་7པར་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་བཀོད་སྒྲིག་བྱས་པའི་ཆ་འཕྲིན་དྲ་རྒྱ་དང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ལས་གྲྭ་འཛུགས་སྐྲུན་བཅས་ལས་རིགས་ཆེན་པོ་བཞིའི་ཁྱབ་ཁོངས་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཆ་འཕྲིན་དྲ་རྒྱའི་ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གནད་དོན་གྱི་ཁུངས་སྣེར་མཐིལ་རྟོགས་དང་གྲལ་བཤེར་གཏིང་ཟབ་བྱས་ཏེ། ཆ་འཕྲིན་དྲ་རྒྱའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སྲུང་སྐྱོང་དང་མཉམ་སྡེབ་ཀྱི་ས་ཆ་བེད་སྤྱོད་གནད་དོན་གྱི་ཁུངས་སྣེ་མཐིལ་རྟོཌ་དང་གྲལ་བཤེར་གཏིང་ཟབ་བྱས་ནས“བྱེ་གཤེད”ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཁྲིམས་འགལ་ངང་བྱེ་མ་འདོན་པའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ། བྱེ་འདོན་སྒྲིག་ལམ་ཚད་ལྡན་དུ་བཏང་བ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱས་པ་དང་། ཁྲིམས་འགལ་ངང་ཤོང་ཚད་ལས་བརྒལ་ནས་བླུཌ་པ། ཁྲིམས་འགལ་ངང་རླངས་འཁོར་སྒྱུར་བཟོ་བྱས་ནས་སྐྱེལ་འདྲེན་བྱས་པ། གཞུང་ལམ་འགྲུལ་སྐྱེལ་གྱི་སྣང་ཚུལ་ཟང་ཟིང་ཆེ་བ། བོགས་གཏོང་རླངས་འཁོར་གྱི་སྣང་ཚུལ་ཟང་ཟིང་ཆེ་བ། གཞུང་ལམ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྣང་ཚུལ་ཟང་ཟིང་ཆེ་བ་བཅས་ཀྱི་གནད་དོན་གྱི་ཁུངས་སྣེར་མཐིལ་རྟོཌ་དང་གྲལ་བཤེར་གཏིང་ཟབ་བྱས་ནས་སྐྱེལ་འདྲེན་ཁྲོམ་ར་ཚོད་འཛིན་དང་ཐོན་ཁུངས་བགོ་བཤའ་སྒེར་སྡེམ་སོགས་ཀྱི་ནག་གཤེད་ཚོགས་པར་ཆད་པ་ནན་པོ་བཅད་པ། འགན་ཚད་བཙན་ལེན་དང་། ལས་གྲྭ་བཙན་བཟུང་། སྒྲིག་འགལ་འཛུགས་སྐྲུན། བཙན་ཤེད་ཉོ་ཚོང་། ལས་གྲྭའི་གྲོན་དངུལ་འགྱངས་ཆད་སོགས་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནད་དོན་གྱི་ཁུངས་སྣེ་མཐིལ་རྟོཌ་དང་གྲལ་བཤེར་གཏིང་ཟབ་བྱས་ནས་དེའི་རྒྱབ་ཀྱི་ཁེ་ཕན་ཚོགས་པ་རྩ་མེད་བཏང་ཡོད།

    སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཆེན་པོ་བྱས་པ། ད་ཡོད་ཀྱི་དྲིལ་བསྒྲགས་དཔྱད་གཞིའི་ནང་དོན་དུས་ཚོད་ཡོལ་བ་དང་། སྤྱི་ཚོགས་ཀྱི་རྣམ་པ་འཁྲུག་པོ་མེད་པ། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ད་དུང་ཟབ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། མ་དངུལ་སྒོར་ཁྲི་2བཏང་ནས་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཚིག་དང་། དྲིལ་བསྒྲགས་བརྡ་ཁྱབ། དྲིལ་བསྒྲགས་ལག་དེབ་བཅས་ཁག་གཅིག་བཟོས་པ་དེ་དག་གི་ནང་དོན་གྲས་སུ་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་དང་། “ལས་རིགས་ཆེ་གྲས་བཞིའི་ཁྱབ་ཁོངས”བཅོས་སྒྲིག《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་འགོག་རྐྱེན་བཟོས་པར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་སོགས་ཚུད་ཡོད། མིག་སྔའི་བར་གཅིག་སྡུད་དྲིལ་བསྒྲགས་ཐེངས་90བྱས་པ་དང་། བཅའ་ཁྲིམས་བློ་འདྲིའི་ས་ཚིགས་བཀོད་སྒྲིག་བྱས་ནས་སྲིད་ཇུས་གསལ་འགྲེལ་ཐེངས་245བྱས་པ། དྲིལ་བསྒྲགས་དཔྱད་ཡིག་2600ལྷག་ཙམ་སྤྲད་པ། འཕྲེད་འགེལ་སྦྱར་ཡིག་60བཀལ་བ། བརྡ་ཁྱབ་1400ལྷག་ཙམ་སྦྱར་བ། དུད་ཚང་120ལ་བཅར་འདྲི་བྱེད་པར་བསྐྱོད་པ། མང་ཚོགས་11500ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།