འགན་སེམས་ལྷག་པར་བཅངས། རྒྱལ་མཚམས་བརྟན་པོར་བསྲུངས།
མཐའ་མཚམས་འགག་སྒོར་སྐོར་གཡེང་བྱེད་བཞིན་པ།
བོད་ལྗོངས་ལྷོ་ཁ་དམག་ཁུལ་ཡན་ལག་ཁང་གི་མཐའ་སྲུང་ལེན་ཤོག་ཅིག་གི་དཔོན་དམག་ཚོས་ཁ་བ་བུ་ཡུག་ཁྲོད་སྐོར་གཡེང་བྱེད་བཞིན་པ།
བོད་དམག་ཁུལ་ཁང་གི་དཔུང་སྡེས་དམག་ཆས་གསར་པ་སྤྲོས་བཞིན་པ།
བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ལེན་ཤོག་ཅིག་གི་དཔོན་དམག་ཚོས་ལེ་དབར་སྟོང་གིས་ཆོད་པའི་མཐའ་མཚམས་འགག་སྒོར་སོ་ལྟ་བྱེད་བཞིན་པ།
རི་གདོང་སོ་ལྟ་ཁང་གི་སྲུང་དམག་བརྗེ་སྐབས་ཨ་མ་རྒན་མོ་དབང་ཕྱུག་སྒྲོལ་མས་སོ་ལྟ་ཁང་གི་དཔོན་དམག་ཚོ་དང་གྱེས་ཁའི་འཚམས་འདྲི་ཞུ་བཞིན་པ།
ལོ་བརྒྱད་ཀྱི་གོང་། ཀྲོའུ་གོ་རེན་གྱིས་སློབ་ཁང་རྙིང་པའི་ནང་སློབ་ཕྲུག་ཚོར་སློབ་ཚན་ཁྲིད་བཞིན་པ།
སོ་ནམ་དུས་ཚིགས་སུ་དཔོན་དམག་གིས་དུས་ཆེན་དང་ངལ་གསོའི་དུས་ཚོད་སྤྱད་དེ་གྲོང་མིར་ཆུ་འབྲས་འདེབས་རོགས་བྱེད་བཞིན་པ།
2019ལོའི་ཟླ་10ཚེས་1ཉིན་བོད་དམག་ཁུལ་ཁང་གིས་རུ་སྟར་གྲུ་བཞི་ཐོག་མར་བཙུགས་ནས་རྒྱལ་སྟོན་གྱི་དམག་གཟིགས་མཛད་སྒོར་ཞུགས་པ།
1952ལོའི་ཟླ་2ཚེས་10ཉིན། ཀྲུང་དབྱང་དམག་ཨུད་ཀྱི་བཀའ་ལྟར། བོད་དམག་ཁུལ་ཁང་དངོས་སུ་བཙུགས། དུས་དེ་ནས་བཟུང་བོད་རྙིང་པར་མཐའ་མཚམས་ཡོད་ཀྱང་སྲུང་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ལ། བོད་དམག་ཁུལ་ཁང་གིས་མཐའ་མཚམས་སྲུང་སྐྱོང་དང་། རྒྱལ་མཚམས་སྲ་བརྟན། བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་འགན་འཁྲི་དངོས་སུ་འཁུར་བ་ཡང་མཚོན་གྱི་ཡོད།
ལོ་ངོ་70ཡི་རིང་། བོད་དམག་ཁུལ་ཁང་གི་དཔུང་སྡེས་རྟག་ཏུ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཔོན་དམག་གི་ལྷག་བསམ་རྣམ་དག་གི་རང་གཤིས་མི་ཉམས་པ་བྱས་ནས་རྒྱལ་ཁ་ལེན་ཕོད་པའི་དམག་ཧྲག་དང་དམག་དཔུང་རྩེ་གྲ་བཏོད་དེ། འགན་སེམས་ཆེན་པོས་མེས་རྒྱལ་སྲུང་སྐྱོང་དང་རྒྱལ་མཚམས་བརྟན་སྲུང་གིས་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད།