དབུ་ཤོག>ཁྲིམས་ལུགས།
  • བོད་སྡོད་དཔུང་སྡེ་ཞིག་ཏུ་2022ལོ་འཁོར་གྱི་སྦྱོང་བརྡར་གྱི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    (新媒体、法制报)统一思想抓实战 开展军(1905749)-20220408131722_s.jpg

    འདི་ནི་ཡུལ་དམག་གིས་འཁོར་ཐོག་ལེ་ཏའི་སྒྲིག་ཆས་བཀོལ་སྤྱོད་དང་བདག་སྐྱོང་བྱེད་བཞིན་པ། 

    ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གིས་དཔོན་དམག་ཚང་མ་སྒྲིག་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་བྱས་ནས་དམག་སྦྱོང་དམག་གྲབས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་དང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱེད་པ། དམག་མི་དམག་ལ་ཞུགས་པ་དང་། དམག་མི་ཁྲིད་ནས་དམག་ལ་ཞུགས་པ། དམག་སྦྱོང་བྱས་ནས་དམག་ལ་ཞུགས་པ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། “བསྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ”བཅས་ཀྱི་ས་མཐོའི་དམག་ཧྲག་ཅིག་གསོ་སྐྱོང་བྱེད་བཞིན་ཡོད།

    དེ་ཉིན་བོད་སྡོད་དཔུང་སྡེ་ཞིག་གིས་2022ལོ་འཁོར་གྱི་དམག་དོན་སྦྱོང་བརྡར་འགོ་ཚུཌ་པའི་སྐུལ་སློང་ཚོགས་ཆེན་འཚོཌ་ཤིང་། དཔོན་དམག་ཚོ་གྲལ་སྟར་འགྲིག་ཅིང་ཚང་མས་སྙིང་སྟོབས་རབ་ཏུ་འཕེལ་ཞིང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་ལོ་འཁོར་གསར་པའི་དམག་དོན་སྦྱོང་བརྡར་ལ་བསུ་བ་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་སྡོད་དཔུང་སྡེ་ཞིག་གིས་འགན་འཁྲི་དང་ལས་འགན་གྱི་འགྱུར་ལྡོག་གསར་པ་དང་འཕྲལ་སྡོམ་དམག་ལན་སློག་པའི་བླང་བྱ་གསར་པར་དམིགས་ཏེ། དམག་དཔུང་དང་། ཉེན་རྟོག མི་དམངས་བཅས་ཀྱི་མཉམ་འབྲེལ་སྦྱོང་བརྡར་ཤུགས་ཆེན་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་དང་ཉེན་སེལ་རྒུད་སྐྱོབ་སོགས་དངོས་འཐབ་རང་བཞིན་གྱི་རྣམ་གྲངས་སྦྱོང་བརྡར་དྲག་པོ་བྱས་པ་དང་། རྒྱུན་དུ་འཕྲལ་སྡོམ་ཐུབ་པ་དང་འཐབ་དུས་དམག་ལན་སློག་པའི་བླང་བྱ་གཞིར་བཟུང་། རྒྱུན་རྣམ་སྦྱོང་བརྡར་དང་རྒྱུན་རྣམ་དམག་གྲབས་ཀྱི་ཡར་སྐུལ་བྱས་པས་དཔུང་སྡེའི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་ཕྱིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།