ས་ཁོངས་བརྒལ་བའི་ས་ཡོམ་གནོད་འཚེའི་རོགས་སྐྱོབ་མཐུན་སྦྱོར་དམག་འཐབ་ཀྱི་ནུས་པ་ཆེ་རུ་བཏང་བ།
འདི་ནི་མེ་ཟོན་རོགས་སྐྱོབ་མི་སྣ་མེ་འཁོར་དུ་འཛུལ་བཞིན་པ།
ཉེ་ཆར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག(གཤམ་དུ་སྤྱི་ཁྱབ་རུ་ཁག་ཅེས་བསྡུ་རྒྱུ)གིས་2022ལོའི་ས་ཁོངས་བརྒལ་བའི་ས་ཡོམ་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུཌ་སྐྱེལ་སྤྲོད་ཀྱི་སྐུལ་ཁྲིད་ནང་སྦྱོང་བྱས་ནས་རུ་ཁག་གི་ཕྱོཌ་བསྡུས་འཕྲལ་སྡོམ་རོཌ་སྐྱོབ་ནུས་པ་དང་དེའི་སྟོབས་ཤུགས་མ་ལག་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་ས་ཡོམ་གནོད་འཚེ་རོགས་སྐྱོབ་རུ་ཁག་གི་ས་ཁོངས་བརྒལ་བའི་མཉམ་ལས་དམག་འཐབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནང་སྦྱོང་ནི་བོད་ལྗོངས་མེ་ཟོན་རོགས་སྐྱོབ་ཀྱི་ལོ་རྒྱུས་ཐོག་བོད་ལྗོངས་མཁའ་འགྲུལ་དང་ལྕགས་ལམ་སྡེ་ཚན་དང་མཉམ་དུ་སྤེལ་བའི“མཁའ་ཐོག་དང་ས་ངོས་གཞི་གཅིག”གི་སྟོབས་ཤུགས་སྐྱེལ་སྤྲོད་དངོས་འཐབ་ནང་སྦྱོང་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད། ནང་སྦྱོང་བྱེད་རིང་། འགྲན་ཞུགས་པ་ཚོས་ལས་འགན་དཀའ་ཚེགས་ཆེ་བ་དང་། ནང་སྦྱོང་རྣམ་གྲངས་དུས་ཡུན་ཐུང་བ། སྐྱེལ་སྤྲོད་བླང་བྱ་ནན་པ་སོགས་ཀྱི་དཀའ་གནད་ལས་རྣམ་པར་བརྒལ་ནས་ནང་སྦྱོང་གི་ལས་འགན་ཁག་བདེ་བླག་ངང་ལེཌ་སྒྲུབ་བྱས་པ་རེད།