དབུ་ཤོག>ཁྲིམས་ལུགས།
  • བྱ་ཐབས་སྣ་མང་སྤྱད་ནས་དཔུང་སྡེར་སྦྱོང་བརྡར་སྤྲས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གིས་བྱ་ཐབས་བཞི་སྤྱད་དེ་ཐག་པར་བརྟེན་ནས་རོགས་སྐྱོབ་ཀྱི་སྦྱོང་བརྡར་ཏན་ཏིག་བྱས་ཏེ། མེ་ཟོན་རོགས་སྐྱོབ་མི་སྣའི་ཐག་པར་བརྟེན་ནས་རོགས་སྐྱོབ་བྱེད་པའི་ལག་རྩལ་གྱི་དངོས་འཐབ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    རྩ་སྲ་རྨང་བརྟན་ཡོང་བ་བྱས་ནས་སློབ་ཁྲིད་ཀྱི་གྲ་སྒྲིག་བྱས་ཤིང་། རུ་འབྲིང་དེས་ཐག་པར་བརྟེན་ནས་རོགས་སྐྱོབ་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས། གསོ་སྦྱོང་མི་སྣའི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ཏེ་སྒུག་བརྟེན་མི་བྱེད་པར་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་། གསོ་སྦྱོང་བྱེད་རིང་སྦྱངས་པའི་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་པ་མ་ཟད། བརྙན་ལམ་དང་པར་རིས། དེ་བཞིན་ས་གནས་ས་ཐོག་ཏུ་དཔེ་སྟོན་བྱེད་པའི་བྱ་ཐབས་སྤྱད་དེ་གསོ་སྦྱོང་ནང་ཞུགས་མཁན་ཚོས་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཐད་ཀར་སྔར་ལས་ལྷག་པ་ཤེས་རྟོགས་ཡོང་བ་བྱས་ནས་རྨང་གཞིའི་རིགས་པའི་གཞུང་ལུགས་བརྟན་དུ་ཏན་ཏིག་བཏང་ཡོད།

    རང་དཔེ་གཞན་སྟོན་གྱིས་འགྲེལ་བཤད་དཔེ་སྟོན་བྱས་ཤིང་། ལྟ་སྦྱོང་དང་སློབ་སྦྱོང་བྱེད་རིང་། རྩལ་འཁྲིད་པས་འགྲེལ་བཤད་རྒྱག་ཞོར་དུ་དཔེ་སྟོན་བྱེད་པའི་རྣམ་པ་སྤྱད་དེ་རུ་མི་ཚོར་ཐག་པར་བརྟེན་ནས་རོགས་སྐྱོབ་བྱེད་པའི་ཁོར་ཡུག་དང་། བེད་སྤྱོད་ཕན་འབྲས། དོན་དངོས་བཀོལ་སྤྱོད་དང་བེད་སྤྱོད། དོ་སྣང་བྱེད་དགོས་པའི་དོན་གནད་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་པ་མ་ཟད། སྲུང་ཐག་འཆིང་སྟངས་དང་། ཐག་པ་འཐེན་སྟངས། ཡར་འགྱོགས་པ་དང་མར་གློད་པ། གཅིག་གཏད་གཅིག་གི་རོགས་སྐྱོབ་སོགས་ཀྱི་སློབ་ཚན་ས་གནས་ས་ཐོག་ཏུ་དཔེ་སྟོན་བྱས་ནས་སྦྱོང་བརྡར་ཁྲོད་ཀྱི་དཀའ་གནད་དང་ནང་དོན་སྔར་བས་ཁ་གསལ་བཟོས་ཏེ་གོ་རིམ་ལྡན་པའི་ངང་སྦྱོང་བརྡར་བྱེད་པར་རྨང་གཞི་བཏིང་ཡོད་པ་རེད།

    དཀའ་སྤྱད་སྙིང་རུས་ཀྱིས་ཚོགས་ཆུང་ཁག་བགོས་སྦྱོང་བརྡར་བྱས་ཤིང། སློབ་སྦྱོང་ནན་ཏན་དང་སྦྱོང་བརྡར་ཡང་ཡང་བྱས་པ་བརྒྱུད། སློབ་སྦྱོང་གི་ནང་དོན་ཁོང་དུ་བརྟན་པོ་ཆུད་པ་དང་རུ་མི་ཚོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་མི་ཤེས་པའི་གནད་དོན་དུས་ཐོག་ཏུ་དགེ་རྒན་རྐང་འཛིན་པ་ཚོར་སེམས་ཆུང་ངང་སྐད་ཆ་དྲིས་པ་དང་། ཚོགས་ཆུང་ཁག་གི་སློབ་སྦྱོང་དང་སྦྱོང་བརྡར་གྱི་རྣམ་པ་ཟབ་མོ་ཆགས་ནས་དངོས་འཐབ་ཅན་གྱི་སྦྱོང་བརྡར་གྱི་དམིགས་ཡུལ་དང་ཕན་འབྲས་དངོས་ཐོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།