“བཀའ་ཁྲིམས་རྩ་གནད་སློབ་སྦྱོང་ཟླ་བ”དང་སྤྱོད་ཚུལ་སྒྲིག་ཁྲིམས་བཅོས་སྒྲིག་གི་བྱེད་སྒོ་ཏན་ཏིག་སྤེལ་བ།
འདི་ནི་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གམ་པ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་གསོད་མི་སྣ་སྒྲིག་འཛུགས་བྱས་ཏེ་མེ་གསོད་ཡོ་བྱད་ལ་ཞིབ་བཤེར་བྱེད་བཞིན་པ།
ཟླ་3པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གམ་པ་རུ་ཆེན་གྱིས་དོན་དངོས་ལ་དམ་པོར་བསྟུན་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ། “བཀའ་ཁྲིམས་རྩ་གནད་སློབ་སྦྱོང་ཟླ་བ”དང་སྤྱོད་ཚུལ་སྒྲིག་ཁྲིམས་བཅོས་སྒྲིག་གི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།
རུ་ཆེན་གྱིས་སྒྲིག་ཁྲིམས་དཔུང་སྡེ་འཛུགས་སྐྱོང་གི་ཚད་གཞི་མཐའ་འཁྱོངས་ཀྱིས་རུ་སྒྲིག་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱས་ཤིང་། རུ་ཆེན་གྱི་འགོ་ཁྲིད་ཀྱིས་རང་འགུལ་ངང་རུ་མི་ཡོངས་སྒྲིག་འཛུགས་བྱས་ཏེ། གཟའ་འཁོར་རེར་རུ་སྒྲིག་སྦྱོང་བརྡར་ཐེངས་2ལས་མི་ཉུང་བ་བྱས་པ་དང་། གཞན་གྱི་སྔོན་ལ་བཀའ་ཁྲིམས་སློབ་སྦྱོང་དང་དོན་འཁྱོལ་ཐུབ་པར་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མེ་གསོད་རོགས་སྐྱོབ་མི་སྣའི་བཀའ་ཁྲིམས་དང་ཁྲིམས་སྲོལ་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། བཀའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། རིམ་པ་བཞིན་འགན་འཁུར་བ་དང་མི་སྣ་ཡོངས་ཞུགས་པའི་རྣམ་པ་ཡག་པོ་ཆགས་པར་བྱེད་པ་བཅས་བྱས་ནས་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་བཏིང་ཡོད།