དབུ་ཤོག>ཁྲིམས་ལུགས།
  • དམག་དཔུང་དང་ས་གནས་ཀྱིས་བློ་སེམས་གཅིག་མཐུན་ངང་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི“འཐབ་ནུས་ཚད་གཞི”བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-29

    (新媒体)军地同心 立起党管武装的“战斗(1827956)-20220322124312_s.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཡུལ་དམག་གིས་རྐང་ཐང་མར་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་དྲག་ཆས་པུའི་སྒར་སར་གཞི་རིམ་གྱི་ཡུལ་དམག་114ཡིས་བློ་སྟོབས་ཆེན་པོ་དང་དམག་མིའི་ཉམས་འགྱུར་བཟང་པོར་བརྟེན་ནས་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་ཡུལ་དམག་ལས་དོན་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱས་པ་དང་ལེན་བྱས་ཤིང་། མཐར་ཁོང་ཚོས་སྐར་མ་936.5ཡི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་འཐེན་རྒྱུགས་ཀྱི་གྲུབ་འབྲས་ཡག་ཤོས་བླངས་པ་རེད། གྲུབ་འབྲས་ཕུལ་བྱུང་ཐོབ་པ་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དམག་དཔུང་དང་ས་གནས་ཀྱིས་རྡོག་རྩ་གཅིག་སྒྲིལ་ངང་གཞི་རིམ་གྱི་དྲག་ཆས་ཀྱི་དཀའ་གནད་སེལ་བ་དང་ཏང་གིས་དྲག་ཆས་ལ་དོ་དམ་གྱི“འཐབ་ནུས་ཚད་གཞི”བཟོས་པའི་ཐབས་ཇུས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།

    སྣེ་གདོང་ཆུས་མི་དམངས་དྲག་ཆས་པུས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཡུལ་དམག་སྒྲིག་འཛུགས་བྱས་ནས་འཕྲལ་སྡོམ་ཐག་གཅོད་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་། མྱུར་སྐྱོབ་གེགས་སེལ་སོགས་གཙོ་གནད་སྦྱོང་བརྡར་བྱེད་སྐབས་ད་དུང་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་ཡུལ་དམག་གི་འགན་འཁྲི་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ། གསར་བརྗེའི་སྲོལ་རྒྱུན་བཟང་པོ་སོགས་ཀྱི་ནང་དོན་ཐད་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་བྱས་ཡོད། ཤང་དང་། གྲོང་རྡལ། ཁྲོམ་གཞུང་བཅས་ཀྱི་མི་སྣ་མངགས་གཏོང་བྱས་ནས་རེས་མོས་ངང་གསོ་སྦྱོང་ནང་ཞུགས་རྒྱུའི་བླང་བྱ་བཏོན་ནས་ས་གནས་ཀྱི་ཚན་པ་དེའི་ནང་ཞུགས་ཚད་མང་དུ་བཏང་བ་རེད། ན་ནིང་ནས་བཟུང་དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་ཡུལ་དམག་ལ་དམིགས་ཏེ་ཁག་ཐེངས་8ལ་དབྱེ་ནས་གཙོ་གནད་དང་དཀའ་གནད་ཆེ་བའི་རྣམ་གྲངས་ཁག་18ལ་སྦྱོང་བརྡར་བྱས་པས་སྦྱོང་བརྡར་ནང་ཞུགས་ཚད་100%ཟིན་པ་དང་སྦྱངས་འབྲས་བཟང་པོ་ཐོན་ཚད་95%ཡན་ཟིན་ཡོད་པ་རེད།

    དྲག་ཆས་དོ་དམ་དང་དྲག་ཆས་དར་སྤེལ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བ་བྱས་པས་དྲག་ཆས་ལ་སྣང་ཆེན་དང་དྲག་ཆས་ལ་དམ་འཛིན་བྱེད་པའི་གཞི་རིམ་གྱི་བསམ་པའི་སྒུལ་ཤུགས་ནུས་ལྡན་ངང་འཕེལ་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་གྱི་ལས་དོན་གཞི་རིམ་དུ་གཞི་ཚུགས་ནས་རྒྱལ་སྲུང་སྐུལ་སློང་ལས་དོན་ལ“འཐབ་འཛིང་གི་ཚད་གཞི”དངོས་འབྲེལ་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།