དབུ་ཤོག>ཁྲིམས་ལུགས།
  • སྐྱེས་པ་ཞིག་གིས་གཱ་སྤྱད་དེ་ཁང་པའི་སྒོ་ཕྱེ་ནས་ནག་ཉེས་5བསགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-11

    ཟླ་6ཚེས་23ཉིན། ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་སྐབས། དོགས་ཡོད་སྐྱེས་པ་ཞིག་མཐོང་ཞིང་། སྐྱེས་པ་དེས་ཐོག་བརྩེགས་ཁང་ཞིག་གི་ཉལ་ཁང་ནང་འཛུལ་ནས་རྐུ་རྒྱག་རྩིས་བྱེད་སྐབས་བཟུང་བ་རེད། མི་དམངས་ཉེན་རྟོག་པས་རྐུ་རྒྱག་ས་ནས་འཁྱེར་ཡོང་བའི་འབྲེལ་ཡོད་དངོས་དཔང་དང་དེ་བཞིན་ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ཕབ་ཞིབ་བསྡུར་བྱས་པ་བརྒྱུད། མི་དེ་དེ་གོང་གཏན་འཁེལ་བྱས་པའི་རྐུ་མ་ཐེངས་བཞི་རྒྱག་མཁན་གྱི་དོགས་ཡོད་མི་དེ་ཡིན་པ་ཤེས་རྟོགས་བྱུང་བ་རེད།

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོས་འདི་ལོའི་ཟླ་2པ་ནས་བཟུང་གནོད་འཚེ་ཕོག་མཁན་གྱི་ཁྱིམ་དུ་མི་མེད་པའི་སྐབས་དང་བསྟུན་ནས་གཱ་སྤྱད་དེ་སྒོ་ཕྱེ་ནས་ཐོག་བརྩེགས་ཁང་3གྱི་ཉལ་ཁང་ནང་ནས་རྐུ་མ་ཐེངས་5བརྒྱབ་པའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་10ཟིན་པའི་གསེར་གྱི་སྒྲོག་གདུབ་དང་། གསེར་གྱི་མགུལ་རྒྱན། གསེར་གྱི་མཛུབ་དཀྲིས། གསེར་གྱི་རྣ་རྒྱན་བཅས་དང་དངུལ་སྨར་བརྐུས་པའི་ཉེས་གསོག་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད།

    མིག་སྔར་གྱོད་གཞི་དེ་སྔར་བས་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

    གནས་ཚུལ་དེ་འདྲར་དམིགས་ནས་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་གྲོང་མིར་ཚ་གཡོལ་གྱི་ཆེད་དུ་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་འཇོག་མི་རུང་བ་དང་། ལྷག་པར་དུ་མོ་ཧྲེང་གཅིག་པུ་ནང་དུ་སྡོད་སྐབས་དེ་བས་དོ་སྣང་བྱེད་དགོས། གྲོང་མིའི་ཁང་པའི་སྒོའི་སྟེང་བརྡ་ཁྱབ་ཆུང་གྲས་སྦྱར་བ་དེ་ཉེས་གསོག་དོགས་ཅན་གྱིས་ཇུས་ངན་བཤམས་པའི་བྱེད་ཐབས་གཙོ་བོར་གྱུར་ཡོད་པས། རྐུན་མས་དེར་བརྟེན་ནས་ཁང་པའི་ནང་མི་ཡོད་མེད་བལྟས་ཏེ་དུས་ཚོད་བཙལ་ནས་གྱོད་གཞི་རྩོམ་གྱི་ཡོད། གྲོང་པ་ཁྱིམ་མཚེས་དབར་ལ་ཁྱིམ་མཚེས་ཀྱི་ཁང་པའི་སྒོའི་སྟེང་བརྡ་ཁྱབ་སྦྱར་བ་མཐོང་ཚེ་འཕྲལ་དུ་བཀོག་ནས་ཉེས་གསོག་དོགས་ཅན་ལ་གྱོད་གཞི་རྩོམ་པའི་གོ་སྐབས་སྤྲོད་མི་རུང་བའི་དྲན་སྐུལ་བྱས་པ་རེད།

    གཞན་ཡང་ཁྱིམ་དུ་དངུལ་སྨར་མང་པོའམ་ཡང་ན་གསེར་དངུལ་རྒྱན་ཆའི་རིགས་སོགས་རྩ་ཆེའི་དངོས་པོ་འཇོག་རྒྱུ་མེད། གལ་ཏེ་གནས་སྐབས་རིང་ཁྱིམ་དུ་འཇོག་དགོས་ན་ཁྱིམ་གྱི་བཙན་སར་འཇོག་དགོས། དངུལ་འཛིན་ཡིན་ན་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར་སོགས་དང་མཉམ་དུ་འཇོག་མི་རུང་།

    སྒེའུ་ཁུང་ཕྱེ་ནས་གཉིད་ཉལ་སྐབས་ཁྲ་མའི་སྟེང་ཆུ་དུང་བན་གང་ངམ་ཡང་ན་འགྱིག་དམ་སྟོང་པ་འཇོག་པ་དང་། སྒོའི་སྟེང་དྲིལ་བུ་བསྒར་བ། སྒེའུ་ཁུང་གི་ཁྲ་ཡོལ་སྟེང་ཉེན་བརྡའི་ཡོ་བྱད་བསྒར་དགོས། གྲོང་མི་མང་པོ་ཞིག་ལ་དགོང་ཟས་བཟས་རྗེས་འཆམ་འཆམ་དུ་སྐྱོད་པའི་གོམས་གཤིས་ཡོད་པས་རྐུན་མས་རྟག་ཏུ་གོ་སྐབས་དེར་བརྟེན་ནས་གྱོད་གཞི་རྩོམ་གྱི་ཡོད། གལ་ཏེ་གྲོང་མི་ཕྱིར་ཐོན་སྐབས་ཁང་པའི་གློག་སྤར་ཏེ་ནང་དུ་མི་ཡོད་ཁུལ་བྱས་ན་ཉེས་གསོག་དོགས་ཅན་གྱིས་ལས་སླ་པོར་གྱོད་གཞི་རྩོམ་ཕོད་ཀྱི་མེད། ནང་མི་ཚང་མ་ཕྱིར་དུས་ཚོད་རིང་པོ་ཐོན་སྐབས་ཉི་གཡབ་སྟེང་སྟོད་གོས་ཁ་ཤས་བཀྲམས་ནས་ཁྱིམ་དུ་མི་ཡོད་ཁུལ་བྱེད་དགོས།

    མིག་སྔར་གྲོང་མིའི་ཐོག་བརྩེགས་ཁང་ཆེན་དུ་བསྒར་བའི་འགོག་སྲུང་སྒྲོམ་མང་ཆེ་བ་ཕྱི་རོལ་དུ་ཐོན་ཡོད་པས་ཁྲིམས་འགལ་བར་ཐོག་བརྩེགས་ཁང་པར་འཛེགས་ནས་སྒེའུ་ཁུང་ནང་འཛུལ་རྒྱུར་སྟབས་བདེ་བསྐྲུན་ཡོད། གནས་ཚུལ་དེ་རིགས་མི་ཐོན་སྔོན་འགོག་བྱ་ཆེད། འགོག་སྲུང་སྒྲོམ་དེའི་ངོས་ལེབ་བཟོས་ནས་ཉེས་གསོག་དོགས་ཅན་པར“སྐས་འཛེགས་ལ་བརྟེན་ནས་འཛུལ་ས”མེད་པ་བཟོ་དགོས། ཁང་པའི་ཐོག་ཁར་སྐྱོད་སའི་བགྲོད་ལམ་དེ་ཁྲིམས་འགལ་བས་རྟག་ཏུ་སྤྱོད་ཀྱི་ཡོད་པ་དེ་ནི་གྱོད་གཞི་སྤེལ་ཡུལ་གྱི་བགྲོད་ལམ་དང་གྱོད་གཞི་སྤེལ་ནས་ཕྱིར་བྲོས་ཡུལ་ལ་གྱུར་ཡོད། དེར་བརྟེན་ངེས་པར་དུ་ཁང་པའི་ཐོག་ཁར་སྐྱོད་སའི་བགྲོད་ལམ་བཀག་ནས་ཁྲིམས་འགལ་བ་འགྲོ་ས་དང་གཡོལ་ས་མེད་པ་བཟོ་དགོས།

    གལ་ཏེ་རྐུན་མས་ཁང་པའི་ནང་འཛུལ་ནས་གྱོད་གཞི་རྩོམ་པ་འཕྲད་སྐབས་རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་གཙོ་བོར་བྱེད་པ་དང་གྱོད་གཞི་ཐོན་སར་དོ་སྣང་བྱེད་པ་དང་སྦྲགས་འཕྲལ་དུ་སྙན་སེང་ཞུ་དགོས། གལ་ཏེ་གཉིད་ཉལ་སྐབས་རྐུན་མ་ཡོང་སྟེ་གཉིད་སད་ཚེ་དངངས་སྐྲག་མི་བྱེད་པར་ཉལ་ཁྲིའི་སྟེང་ཉལ་ནས་འགུལ་སྐྱོད་མི་བྱེད་པར་ཉེས་ཅན་པའི་བྱེད་ལུགས་བྱེད་སྟངས་ལ་ལྟ་ཞིབ་གང་ཐུབ་བྱེད་དགོས། གལ་ཏེ་ངོ་སྒྲིབ་ཉེས་ཅན་པ་འཕྲད་ཚེ་ཉེས་ཅན་པའི་གཟུགས་པོའི་རིང་ཚད་དང་། གྱོན་གོས། སྐད་གདངས། བྱེད་ལུགས་བྱེད་སྟངས་སོགས་ཀྱི་ཁྱད་ཆོས་ངེས་ནས་མི་དམངས་ཉེན་རྟོག་པར་གྱོད་གཞི་རྩད་གཅོད་བྱ་རྒྱུར་ཁུངས་སྣེ་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།