དབུ་ཤོག>ཁྲིམས་ལུགས།
  • ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་རྒྱན་འགྱེད་ནང་ཞུགས་རྒྱུ་གཏན་འགོག་བྱ་རྒྱུའི་བརྡ་ཐོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-13

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཅུས་ཀྱིས་བརྡ་ཐོ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་རྒྱན་འགྱེད་ནང་ཞུགས་རྒྱུ་གཏན་འགོག་བྱེད་པའི་གནད་དོན་བསྐྱར་བསྒྲགས་བྱས་པ་རེད།

    བརྡ་ཐོའི་ནང་། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣ་མཱ་ཅང་དང་ཏག་སེ་རྒྱག་པའམ་ཡང་ན་རྣམ་པ་གང་རུང་གི་རྒྱན་འགྱེད་བྱེད་སྒོར་ཞུགས་རྒྱུ་གཏན་འཁོག་བྱེད་པ་དང་། རྒྱན་པོ་འགྱེད་མཁན་ལ་རྒྱན་འགྱེད་བྱ་ཡུལ་ལམ་ཡང་ན་སྟབས་བདེའི་ཆ་རྐྱེན་གཞན་དག་མཁོ་འདོན་བྱེད་པའི་རིགས་གཏན་འགོག་བྱེད་པ། ལས་ཀའི་དུས་ཚོད་ནང་མཱ་ཅང་དང་ཏག་སེ་རྒྱག་པའམ་ཡང་ན་དེ་དང་འདྲ་བའི་བྱེད་སྒོ་གཞན་དག་ནང་ཞུགས་པའི་རིགས་གཏན་འགོག་བྱེད་པ། གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པ་དང་ལས་ཀ་བྱེད་རིང་རྒྱན་བཙུགས་ནས་མཱ་ཅང་དང་ཏག་སེ་རྒྱག་པ། དེ་བཞིན་དེ་དང་འདྲ་བའི་བྱེད་སྒོ་གཞན་དག་ནང་ཞུགས་པའི་རིགས་གཏན་འགོག་བྱེད་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་དང་རྒྱན་བཙུགས་ནས་མཱ་ཅང་དང་ཏག་སེ་རྒྱག་པ་དང་དེ་བཞིན་དེ་དང་འདྲ་བའི་བྱེད་སྒོ་གཞན་དག་ནང་ཞུགས་པའི་རིགས་གཏན་འགོག་བྱེད་པ། འོག་རིམ་མམ་ཡང་ན་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་དངུལ་བླངས་ཏེ་མཱ་ཅང་དང་ཏག་སེ་རྒྱག་པ་དང་དེ་བཞིན་དེ་དང་འདྲ་བའི་བྱེད་སྒོ་གཞན་དག་ནང་ཞུགས་པའི་རིགས་གཏན་འགོག་བྱེད་པ། གཞུང་དངུལ་སྤྱད་དེ་མཱ་ཅང་དང་ཏག་སེ་རྒྱག་པ་དང་དེ་བཞིན་དེ་དང་འདྲ་བའི་བྱེད་སྒོ་གཞན་དག་ནང་ཞུགས་པའི་རིགས་གཏན་འགོག་བཅས་བྱེད་པའི་གནད་དོན་བསྐྱར་བསྒྲགས་བྱས་པ་རེད།

    བརྡ་ཐོའི་ནང་། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་། ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་གནད་དོན་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་དགོས་པ་དང་། ཏང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་གནད་དོན་བཀག་འགོག་མི་བྱེད་པ་དང་། ཞིབ་བཤེར་ཐག་གཅོད་མི་བྱེད་པའམ་ཡང་ན་སྦས་གསང་བྱས་ནས་དང་ལེན་མི་བྱེད་པ་དང་བཙན་གནོན་བྱས་ནས་ཞིབ་བཤེར་མི་བྱེད་པའི་རིགས་ལ《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》སོགས་ཀྱི་གཏན་འབེབས་གཞིར་བཟུང་། གྱོད་གཞི་གཅིག་ཞིབ་བཤེར་ཐེངས་གཉིས་བྱས་ནས་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།