དབུ་ཤོག>ཁྲིམས་ལུགས།
  • རྩོད་པ་ཤོར་ནས་རླངས་འཁོར་བཅག ཁྲིམས་ཆད་ཕོག་པས་རང་སྡུག་ཉོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-15

    ཉིན་ཤས་གོང་། ལི་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཡོང་ནས། ཁོང་རང་གིས་གཏོང་བཞིན་པའི“པེ་ཁོ་ཅུན་ཡུའེ”རྟགས་ཅན་གྱི་འཇིབ་ཆུང་དེ་ཚལ་གུང་ཐང་ཞུའེ་ཧའེ་ལམ་དུ“ཆི་ཡཱ”རྟགས་ཅན་གྱི་རླངས་འཁོར་དཀར་པོ་གཉིས་ཀྱིས་བཀག་རྗེས་ལག་ཆ་སྤྱད་དེ་རླངས་འཁོར་ལ་གཞུས་ནས་གཏོར་སྐྱོན་བཏང་སོང་ཞེས་གྱོད་དོན་སྙན་སེང་ཞུས་པ་རེད།

    གྱོད་དོན་སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་ཞིང་། བརྟག་ཞིབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་། ཀྲོའུ་ཆེ་གེ་མོ། ཐན་ཆེ་གེ་མོ་སོགས་སྔ་རྗེས་སུ་བཟུང་བ་རེད།

    མི་དམངས་ཉེན་རྟོག་པས་དེ་ནི་མ་རབས་པའི་བྱེད་སྟངས་ཤིག་ཡིན་པ་ཤེས། ཉིན་དེའི་ཕྱི་དྲོར། ལི་ཆེ་གེ་མོ་དང་ཞུང་ཆེ་གེ་མོ་སོགས་ཀྱིས་ཚལ་གུང་ཐང་ཤང་གི་ཇ་ཁང་ཞིག་གི་ནང་ཏག་སེ་རྒྱག་སྐབས་ཞུང་ཆེ་གེ་མོ་དང་ལི་ཆེ་གེ་མོའི་བར་རྩོད་པ་ཤོར་བ་དང་། རྗེས་སུ་ཀྲོའུ་ཆེ་གེ་མོ་དང་། ཝང་ཆེ་གེ་མོ། ཐན་ཆེ་གེ་མོ་སོགས་ཀྱིས་གྲོགས་པོ་ཞུང་ཆེ་གེ་མོར་ལི་ཆེ་གེ་མོས་ཐུབ་ཚོད་བཤད་སོང་སྙམ་སྟེ“ཆི་ཡཱ”རྟགས་ཅན་གྱི་རླངས་འཁོར་དཀར་པོ་གཉིས་བཏང་ནས་ལི་ཆེ་གེ་མོ་རྗེས་འདེད་བྱས། ཚལ་གུང་ཐང་ཤང་ཞུའེ་ཧའེ་ལམ་དུ་ལི་ཆེ་གེ་མོས་གཏོང་བཞིན་པའི“པེ་ཁོ་ཅུན་ཡུའེ”རྟགས་ཅན་གྱི་འཇིབ་ཆུང་དེ་ལམ་འགྲམ་དུ་ཁ་བཀག་རྗེས་དབྱུག་རྩེད་དབྱུག་པ་སོགས་གཞུས་ནས་ཆག་སྐྱོན་བཏང་བ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་། ཀྲོའུ་ཆེ་གེ་མོ། ཐན་ཆེ་གེ་མོ་སོགས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ནས་གྱོད་གཞིར་སྔར་བས་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།