བརྟགས་ཤིང་བརྟག་པར་མ་བྱས་ཚེ། གཡུ་དང་དོ་ལོ་ནོར་ཉེན་ཆེ།
སྤོས་ཤེལ་རྫུས་མ།
ཅ་དངོས་རྫུས་མ།
ལྷ་སར་འཚོ་བ་ལོ་འགའ་སྐྱེལ་མྱོང་བའི་སྐུ་ཞབས་ཀྲུའུ་ལགས་ཀྱིས་སྤོས་ཤེལ་གྱི་སྤུས་ཚད་དང་རིན་གོང་གསལ་པོ་ཤེས་མོད། འོན་ཀྱང་ད་དུང་མགོ་སྐོར་ཐེབས་དོན་ཅི་ཡིན་ནམ། གནས་ཚུལ་དེ་ཐོན་རྗེས་སྐུ་ཞབས་ཀྲུའུ་ལགས་ཀྱིས་ང་རང་གིས་སྣང་ཆུང་བྱས་པས་ཡིན་ཞེས་བཤད་པ་དང་། ཡིན་ནའང་མཐར་སྐུ་ཞབས་ཀྲུའུ་ལགས་ཀྱིས་ཅ་དངོས་ཕྱིར་སློག་རྒྱུའི་རེ་བ་མ་བཏོན་པར་ཅ་དངོས་བརྗེ་པོ་རྒྱག་རྒྱུའི་རེ་བ་བཏོན།
གྲོགས་པོ་མཉམ་དུ་ཁྲོམ་ལ་བསྐྱོད་ནས་སྤོས་ཤེལ་ཉོས།
2015ལོའི་ཟླ་12པའི་ཟླ་དཀྱིལ་དུ་ཅང་ཤིས་སུ་ཡོད་པའི་སྐུ་ཞབས་ཀྲུའུ་ལགས་ཀྱི་གྲོགས་པོ་ལྷ་སར་ཡུལ་སྐོར་དུ་ཡོང་། དུས་རྒྱུན་ལས་བྲེལ་ཆེ་བའི་སྐུ་ཞབས་ཀྲུའུ་ལགས་གྲོགས་པོ་ཚོ་དང་མཉམ་དུ་བོད་ཀྱི་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུའི་དུས་ཚོད་དེ་ཙམ་མེད་པས་སྐུ་ཞབས་ཀྲུའུ་ལགས་ཀྱིས་གནོང་འགྱོད་ཆེན་པོ་བྱེད་ཀྱི་ཡོད། གཟའ་འཁོར་སྔོན་མར་གྲོགས་པོ་ཚོ་ལྷ་ས་ནས་ཁ་གྱེས་མཁན་ཡིན་པ་ཤེས་རྗེས་ཆེད་མངགས་ཁོང་ཚོ་ཁྲོམ་དུ་བལྟ་བར་འཁྲིད།
དེ་ཉིན་ཕྱི་དྲོའི་ཆུ་ཚོད་3པ་ཙམ་དུ་ཁོང་ཚོ་ཇ་འཐུང་ཐོག་བརྩེགས་ཁང་ཆེན་ཞིག་ཏུ་འཛོམས་པ་དང་དེ་རྗེས་ཁོང་ཚོའི་ནང་གི་གྲོགས་པོ་ཞིག་གིས་བར་སྐོར་ཁྲོམ་གཞུང་དུ་བལྟ་བར་བསྐྱོད་རྒྱུའི་གྲོས་འགོ་བཏོན། ཁོང་ཚོ་བར་སྐོར་ཁྲོམ་གཞུང་དུ་འབྱོར་སྐབས་ཕྱི་དྲོའི་ཆུ་ཚོད་4པ་ཟིན་པ་ཙམ་ཡིན་པས་བར་སྐོར་ཚོང་རར་བལྟ་བར་བསྐྱོད། སྐུ་ཞབས་ཀྲུའུ་ལགས་ཀྱིས་གལ་ཏེ་ཁྲོམ་སྐོར་བར་སོང་ཚེ་སྤོས་ཤེལ་ཉོ་རྒྱུའི་བསམ་བློ་འཁོར་མི་སྲིད་ཅེས་བཤད།
བར་སྐོར་ཚོང་རའི་ནང་འཛུལ་བཞིན་པའི་སྐབས་གྲོགས་པོ་ཞིག་གིས་འགྲོ་མཚམས་བཞག་ནས་དངུལ་གྱི་ལག་གདུབ་ཉོ་འདོད་བྱས། དེའི་སྐབས་སྐུ་ཞབས་ཀྲུའུ་ལགས་ཁྲོམ་བཀྱག་གཅིག་པའི་ཐོག་གི“སྤོས་ཤེལ”ཞིག་ལ་སེམས་པ་ཤོར། “གོང་ཚད་དྲིས་རྗེས་དེ་ནི་རང་བྱུང་སྤོས་ཤེལ་ཞིག་རྩ་བ་ནས་མིན་པ་ཤེས་བྱུང་”ཞེས་ཁོང་གིས་བཤད་པ་དང་། ལྷ་སར་ལོ་མང་འཚོ་བ་སྐྱེལ་མྱོང་བས་ཁོང་ལ་སྤོས་ཤེལ་ཤན་འབྱེད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན་ཡོད། འོན་ཀྱང་ཁྲོམ་བཀྱག་ཆུང་ཆུང་ཐོག་བསྡད་པའི་སྦྱིན་བདག་གི་འཁྱག་སྦོས་ཐེབས་པའི་ལག་པ་མཐོང་སྐབས་ཁོང་ལ་གློ་བུར་དུ་གསལ་འབྱེད་བྱེད་པའི་བསམ་བློ་མེད་པར་གྱུར།
“ངས་སྦྱིན་བདག་ལ་སྤོས་ཤེལ་དེ་འགྱིག་ལས་བཟོས་པ་མིན་ནམ། འགྱིག་ལས་བཟོས་པ་ཞིག་མིན་ན་ཤིང་ཚི་དང་རྡོ་གཞན་གང་ཡིན་རུང་ངས་ཚང་མ་དང་ལེན་ཐུབ་པ་འདུག”ཅེས་བཤད་པ་ཡིན་ཞེས་སྐུ་ཞབས་ཀྲུའུ་ལགས་ཀྱིས་བཤད་པ་དང་། སྦྱིན་བདག་གིས་སྤོས་དཀར་གྱི་སྐུ་བརྙན་དང་སྤོས་དཀར་གྱི་ཅ་དངོས་གཞན་དག་འཁྱེར་ཡོང་ནས་སྤོས་ཤེལ་དེ་ཤིང་ཚི་རྩ་བ་ནས་མིན་ལ་རྡོ་དང་སྤོས་དཀར་དེ་བས་མ་རེད་ཅེས་དྲང་པོ་ཡིན་ཁུལ་གྱིས་བཤད།
“གནམ་གཤིས་གྲང་མོ་དེ་འདྲར་སྦྱིན་བདག་ཀྱང་ལས་སླ་པོ་མེད་པའི་ཁར་ད་དུང་ཁས་ལེན་དེ་འདྲ་བྱེད་ཀྱི་འདུག”ཅེས་སྐུ་ཞབས་ཀྲུའུ་ལགས་ཀྱིས་བཤད། ཡིན་ནའང་སྐབས་དེ་དུས་ཁོང་ཡང་མགོ་འཐོམས་མེད་པར་སྦྱིན་བདག་ལ་ཤིང་ཚི་དང་རྡོ་ཡིན་ཚེ་ངས་ཉར་ཆོག གལ་ཏེ་དངོས་འབྲེལ་སྤོས་དཀར་ཡིན་ཚེ་ངས་རང་ལ་སློག་ངེས་ཡིན་ཞེས་བཤད་པས་སྦྱིན་བདག་གིས་བྲེལ་འཚུབ་ངང་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་གལ་སྲིད་སྤོས་དཀར་ཡིན་ཚེ་ཕྱིར་སློག་བྱེད་ངེས་ཡིན་ཞེས་ཁས་ལེན་བྱས།
ཁྱིམ་དུ་ལོག་ནས་ཞིབ་མོར་ལྟ་སྐབས“སྤོས་ཤེལ”དེ་སྤོས་དཀར་ཡིན་པ་ཤེས།
གྲོགས་པོ་དང་གྱེལ་རྗེས་སྐུ་ཞབས་ཀྲུའུ་ལགས་གཅིག་པུ་ཁྱིམ་དུ་ལོག་ནས་ཞིབ་མོར་ལྟ་སྐབས་རང་གིས་ཉོས་པ་དེ་རང་བྱུང་སྤོས་ཤེལ་རྩ་བ་ནས་མིན་པ་གསལ་པོ་ཤེས་པ་དང་དེ་ནི“གནོན་བཟོ་ཐེངས་གཉིས་པ་བྱས་པའི་སྤོས་དཀར”ཞིག་ཡིན་པ་ཤེས།
སྐུ་ཞབས་ཀྲུའུ་ལགས་ཀྱིས“གནོན་བཟོ་ཐེངས་གཉིས་པ་ཞེས་པ་ནི་སྤོས་ཤེལ་ཞིབ་མོ་གནོན་བཟོ་བྱས་རྗེས་ཆགས་པའི་སྤོས་ཤེལ་ཡིན་པ་དང་གཡང་ཊིའི་ཐོན་རྫས་འགའ་རེར་བཟོ་རྩལ་དེ་དག་ལྡན་པ་མ་ཟད་རིན་གོང་ཡང་དེ་བས་ཁེ་བ་ཡོད། འོན་ཀྱང་རྒྱུ་ཆ་དེ་སྤུས་ལེགས་གོང་འཚམ་ཞིག་རེད”ཅེས་བཤད་པ་དང་། ཁོང་གིས་བསམ་ཚུལ་དེ་འདྲ་ལྡན་དོན་ནི་ངས་ཉོས་པའི་སྤོས་ཤེལ་དེའི་ཕྱི་དབྱིབས་དངོས་གནས་ཧ་ཅང་ཚད་དང་ལྡན་པ་ཞིག་འདུག “སྒོར་སྒོར་ཡིན་པའི་ཐོག་དཀྱིལ་སེར་པོ་དང་མཐའ་འཁོར་དྭངས་གསལ་གྱི་སྤོས་ཤེལ་མདོག་རེད”ཅེས་བཤད།
དེའི་སྐབས་སྐུ་ཞབས་ཀྲུའུ་ལགས་ལ་སྦྱིན་བདག་གིས་རང་ཉིད་ལ་བསླབ་པའི་ཚ་ཆུར་བརྟེན་ནས་སྤོས་ཤེལ་དབྱེ་འབྱེད་བྱེད་སྟངས་བསམ་བློར་འཁོར་བས་བསྡུར་ཚད་གཞིར་བཟུང་ཚ་ཆུ་འདྲེས་སྦྱོར་བྱེད་འགོ་ཚུགས་པ་དང“སྦྱིན་བདག་གིས་དེ་ཚ་ཆུའི་ནང་འཇོག་དགོས་པ་དང་གལ་ཏེ་སྤོས་ཤེལ་ཡིན་ཚེ་ངེས་པར་དུ་འཕྱོ་ངེས་རེད”ཅེས་བཤད་པ་ཡིད་ལ་འཁོར།
ཁོང་གིས་སྤོས་ཤེལ་གྱི་ཆེ་ཆུང་ལ་ལྟ་ཞིབ་བྱས་རྗེས་དང་ཐོག་ཤོག་ཕོར་ཞིག་ཚ་ཆུའི་ནང་སྦངས། དཀྲུག་དཀྲུག་ཐེངས་མང་བཏང་ནས་“གནོན་བཟོ་ཐེངས་གཉིས་པ་བྱས་པའི་སྤོས་ཤེལ”དེ་ཁ་ལ་འཕྱོ་རྒྱུའི་རེ་སྒུག་ཆེན་པོ་བྱས། སྐུ་ཞབས་ཀྲུའུ་ལགས་ཀྱིས་གཟབ་ནན་ངང་སྤོས་ཤེལ་ཆུ་ངོས་སུ་བཞག་པས་མཐར་ཁོང་གིས་སྤོས་ཤེལ་དལ་བུར་ཕོར་པའི་གཏིང་དུ་དིམ་པ་མཐོང་།
ཡང་ན་པེ་ཙིའི་ཆེ་ཆུང་གིས་རྐྱེན་པས་ཡིན་ནམ་ཞེས་པའི་དོགས་པ་འཆང་བཞིན་དུ་སྐུ་ཞབས་ཀྲུའུ་ལགས་ཀྱིས་སླར་ཡང་དུང་བན་ཞིག་ཁྱེར་ནས་ཡང་བསྐྱར་ཚ་ཆུ་འདྲེས་སྦྱོར་ཡག་པོ་བྱས་རྗེས་སྤོས་ཤེལ་དལ་བུར་ཆུ་ངོས་སུ་བཞག་ཀྱང་དེའི་སྐབས་སུ་སྤོས་ཤེལ་དེ་སྔར་བཞིན་ཆུའི་ནང་དིམ།
དེ་དངོས་གནས་སྤོས་དཀར་མ་རེད་དམ་ཞེས་དོགས་པ་འཆང་བཞིན་དུ་སྐུ་ཞབས་ཀྲུའུ་ལགས་ཀྱིས་ཁབ་ཅིག་མེར་བསྲེགས་ནས་སྤོས་ཤེལ་ལ་འཛུགས་སྐབས་རང་གིས་སྤོས་དཀར་ཞིག་ཉོས་པ་རྦད་དེ་ཡིད་ཆེས།
ཁོང་གིས“ཁབ‘སྤོས་ཤེལ’ཐོག་འཛུགས་སྐབས་ཧ་ཅང་ལས་སླ་པོ་ཡོད་ནའང་ཁབ་ཚུར་ལེན་སྐབས་སྤོས་དཀར་གྱི་འབྱར་ཚི་ཁབ་ཐོག་སྦྱར་འདུག”ཅེས་བཤད་པ་དང་། ཁོང་གིས་ཐོག་མ་ནས་སྦྱིན་བདག་ལ་སྤོས་དཀར་ཡིན་ཚེ་ཕྱིར་སློག་རྒྱུའི་གྲོས་མོལ་བྱས་ལུགས་ཡིད་ལ་འཁོར།
དེར་བརྟེན་2015ལོའི་ཟླ་12པའི་ཚེས་27ཉིན་སྐུ་ཞབས་ཀྲུའུ་ལགས་ཀྱིས་སྤོས་དཀར་དེ་ཁྱེར་ནས་སྦྱིན་བདག་ལ་ཕྱིར་སློག་རྒྱུའི་རེ་བ་བཏོན་པ་དང་། ཕྱོགས་གཉིས་པོས་གྲོས་བསྡུར་བྱས་རྗེས་སྐུ་ཞབས་ཀྲུའུ་ལགས་ཀྱིས་མཐར་སྦྱིན་བདག་དང་གོང་ཚད་གཅིག་མཚུངས་ཀྱི་ཚོང་ཟོག་གཞན་དག་བརྗེས་པ་རེད།
གཟའ་མཇུག་ཏུ་གྲོང་མི་སྐུ་ཞབས་ཀྲུའུ་ལགས་ཀྱིས་ལྷ་སར་འབྱོར་མ་ཐག་པའི་གྲོགས་ པོ་འཁྲིད་ནས་ཁྲོམ་ལ་སྐོར་བ་བརྒྱབ་པ་དང་གྲོགས་པོའི་རེ་བ་བཞིན་ཁོ་ཚོ་བར་སྐོར་ ཚོང་རར་འབྱོར། གྲོགས་པོ་ཚོས་དགའ་སྤྲོའི་ངང་ཅ་དངོས་ཉོ་བ་མཐོང་སྐབས་སྐུ་ཞབས་ཀྲུའུ་ལགས་ལའང་ སྤོས་ཤེལ་ཞིག་ཉོ་འདོད་སྐྱེས། སྐུ་ཞབས་ཀྲུའུ་ལགས་ཀྱིས་སྐབས་དེ་དུས་ཅ་དངོས་དེ་ངོ་མ་མིན་པ་ཤེས་མོད། འོན་ཀྱང་སེམས་རྩ་འཁོལ་བའི་སྐུ་ཞབས་ཀྲུའུ་ལགས་ཀྱིས་བསམ་བློ་མི་གཏོང་བར་ སྒོར་400སྤྲད་ནས་ཅ་དངོས་དེ་ཉོས། སྐུ་ཞབས་ཀྲུའུ་ལགས་ཀྱིས་དེ་རྡོ་ཞིག་ཡིན་ན་གནད་འགག་མེད་བསམ་རུང་ཁྱིམ་དུ་ལོག་ ནས་བལྟ་སྐབས་དེ་ནི་སྤོས་དཀར་ཞིག་ཡིན་པ་ཤེས།