དབུ་ཤོག>ཁྲིམས་ལུགས།
  • དྲ་རྒྱའི་རྩེད་མོ་རྩེ་བའི་ཆེད། རྐུ་མ་ཐེངས་བཅུ་ལྷག་ཙམ་བརྒྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    ལྷ་ས་གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་ཏའེ་ག་གེ་མོ་དྲ་རྒྱའི་རྩེད་མོར་དགའ་དྲགས་ནས་ལས་ཀར་ཡང་སེམས་གནས་ཀྱི་མེད། དྲ་རྒྱའི་རྩེད་མོར་སྤྱོད་པའི་དངུལ་གྱི་ཆེད་དུ། ཁོ་པས་འུ་ཐུག་ཉེན་མཆོང་བྱས་ནས་མི་གཞན་གྱི་རླངས་འཁོར་ནང་གི་རྒྱུ་ནོར་རྐུ་བའི་ལམ་དུ་སྐྱོད། བསྟུད་མར་ཉེས་པ་ཐེངས་11བསགས་རྗེས་ཁོ་པས་སླར་ཡང་རྐུ་སྐབས་ཉེན་རྟོག་ཕྱོགས་ཀྱིས་བཟུང་ནས་ཁྲིམས་ལ་སྦྱར།

    ཉེ་ཆར་ཉིན་ཞིག་གི་དགོང་མོའི་ཆུ་ཚོད་11ཡོལ་ཙམ་ལ་ལྷ་ཀླུ་སློབ་ཆུང་འགྲམ་གྱི་ཤར་ངོས་སྲང་ལམ་དུ་རླངས་འཁོར་ནང་གི་རྒྱུ་དངོས་བརྐུས་པའི་གྱོད་གཞི་ཞིག་ཐོན་པ་དང་། ཉེས་གསོག་དོགས་ཅན་གྱིས་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་རླངས་འཁོར་ནང་གི་སྐྱེས་པའི་ལྟོ་ཕད་ཅིག་བརྐུས་པའི་ནང་དངུལ་སྨར་སྒོར་7000ལྷག་ཙམ་དང་། ཐོབ་ཐང་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར། དེ་བཞིན་དངུལ་ཁང་གཱ་སོགས་ཡོད།

    གྱོད་གཞི་ཐོན་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་མི་སྣས་ས་ཆ་དངོས་སུ་བརྟག་དཔྱད་དང་དཔང་རྟགས་འཚོལ་བ། དེ་བཞིན་ས་ཆ་དངོས་སུ་རྩད་ཞིབ་ལས་དོན་སྤེལ་ཞིང་། ཉེ་ཆར་རང་རེའི་གྲོང་ཁྱེར་དུ་ཐོན་པའི་རླངས་འཁོར་ནང་གི་རྒྱུ་དངོས་བརྐུས་པ་འདྲ་རིགས་ལ་དབྱེ་ཞིབ་བྱས་རྗེས། མྱུལ་ཞིབ་མི་སྣས་རང་རེའི་གྲོང་ཁྱེར་གྱི་གྱོད་གཞི་ཐོན་མང་ཁུལ་དུ་སྒུག་བརྒྱབ་ནས་བསྡད། དེ་རྗེས་ཉིན་ཞིག་གི་ཐོ་རེངས་སུ་མྱུལ་ཞིབ་མི་སྣས་འདམ་ར་ལམ་ལྷ་ཀླུ་སློབ་ཆུང་གི་ཉེ་འགྲམ་ནས་གྱོད་འབྲེལ་མི་སྣ་གཅིག་བཟུང་བ་དང་འབྲེལ། ས་གནས་ས་ཐོག་ཏུ་གྱོད་གཞི་དང་འབྲེལ་བའི་སྐམ་པ་ཞིག་རྩད་ཞིབ་ཐུབ་ཡོད།

    དུས་འགོའི་ལས་དོན་འབོར་ཆེན་སྒྲུབ་པ་དང་འདྲི་རྩད་བྱས་པ་བརྒྱུད། 2014ལོར་ཉེས་གསོག་དོགས་ཅན་ཏའེ་ག་གེ་མོ་ཕ་ཡུལ་ནས་ལྷ་སར་གླ་པ་རྒྱུག་པར་ཡོང་། འོན་ཀྱང་ལོ་ན་གཞོན་པའི་ཁོ་པར་ལས་ཀ་བྱེད་སེམས་མེད་པར་ཉིན་གང་དྲ་རྒྱའི་རྩེད་མོར་མགོ་གཡེངས་ནས་སྡོད་ཀྱི་ཡོད། རོལ་རྩེད་རྩེ་སྐབས་རོལ་རྩེད་སྒྲིག་ཆས་དེ་བས་ལེགས་པ་ཉོ་བ་དང་རྒྱུན་གཏན་འཚོ་བ་དང་དེ་བཞིན་དྲ་རྒྱའི་རྩེད་མོར་སྤྱོད་པའི་དངུལ་ཐོབ་ཆེད། མི་གཞན་གྱི་རླངས་འཁོར་ནང་གི་རྒྱུ་ནོར་བརྐུས། ཐེངས་གཅིག་རྐུ་ཐུབ་རྗེས་ལང་ལ་ཤོར། ཟླ་7པ་ནས་བཟུང་ཏའེ་ག་གེ་མོས་སྔ་རྗེས་སུ་ལྷ་ཀླུ་སློབ་ཆུང་གི་ཉེ་འགྲམ་དང་། བདེ་སྐྱིད་བྱང་ལམ། སྐོར་ལམ་གཉིས་པ། ལྷ་ཀླུ་ཟམ་པའི་ཉེ་འགྲམ། མྱང་བྲན་ལམ་གྱི་ཚལ་ཁྲོམ་སོགས་སུ་ལུས་ཐོག་ཏུ་འཁྱེར་བའི་སྐམ་པས་རླངས་འཁོར་གྱི་སྒེའུ་ཁུང་གཅོག་པའམ་ཡང་ན་གནོད་འཚེ་ཕོག་མཁན་གྱིས་ཤེལ་སྒོ་བརྒྱབ་མེད་པའི་སྐབས་དང་བསྟུན་ནས་རླངས་འཁོར་ནང་གི་སྐྱེས་པའི་ལྟོ་ཕད་གསུམ་དང་། དངུལ་སྨར་སྒོར་55800ལྷག་ཙམ། རྡོ་རྗེ་ཕ་ལམ་ཧྥུའུ་རུང་ཝང་རྟགས་ཅན་གྱི་ཐ་མག་རྡ་ཚན་གཉིས། དངུལ་མདོག་གི་ལག་ཐོགས་གློག་ཀླད་གཅིག དེ་བཞིན་ལག་ཁྱེར་སྣ་ཚོགས་སོགས་བརྐུས་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་ཏའེ་ག་གེ་མོ་རང་རེའི་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འཛིན་ཆོག་པའི་ཆོག་མཆན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།