དབུ་ཤོག>ཁྲིམས་ལུགས།
  • ཉང་བྲན་ལམ་དུ“མེ་ཏོག་རྐུ་མཁན”ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-16

    111.jpg

    འདི་ནི་བུད་མེད་ཅིག་གིས་སྡོང་པོའི་སྟེང་འཛེགས་ནས་མེ་ཏོག་ཚོས་སེར་འཐོག་བཞིན་པ།

    འདི་ནི་བུད་མེད་ཅིག་གིས་བཅག་ཟིན་པའི་ཡལ་གའི་སྟེང་གི་མེ་ཏོག་འཐོག་བཞིན་པ།

    ཟླ་5པ་ནི་མེ་ཏོག་ཚོས་སེར་རྣམ་པར་བཞད་དུས་ཡིན་ནའང་མཚན་གུང་མི་སྐད་ཁྱི་སྐད་འཇགས་སྐབས་སྡོང་མགོའི་མེ་ཏོག་ཚོས་སེར་ལྐོག་ཏུ་བཏོགས་ནས་ཟ་མཁན་ཡང་ཡོད། སྣང་ཚུལ་དེ་གློག་སྒུལ་རྐང་འཁོར་བཏང་ནས་བསྐྱོད་མཁན་ལྷ་སའི་གྲོང་མི་སྐུ་ཞབས་ཝུའུ་ལགས་དང་ལམ་འགྲོ་བ་གཞན་གྱིས་མཐོང་སྟེ་གཤེ་གཤེ་བཏང་བས་མེ་ཏོག་ཚོས་སེར་རྐུ་མཁན་གསུམ་པོ་རྡུལ་འཚུབ་བེར་བྲོས་ཕྱིན།

    མདང་ནུབ་ཆུ་ཚོད་10པའི་ཐོག་སྐུ་ཞབས་ཝུའུ་ལགས་ཀྱིས་གློག་སྒུལ་རྐང་འཁོར་བཏང་ནས་བོད་ལྗོངས་སྨན་རྩིས་ཁང་གི་འཁྲིས་ནས་བསྐྱོད་སྐབས་མདུན་དུ་ཟོག་འཁོར་ཆུང་བ་ཞིག་བཞག་ཡོད་པ་དང་དེའི་འཁྲིས་སུ་བུད་མེད་གཉིས་ཀྱིས་ལམ་གྱི་གཞོགས་གཉིས་སུ་བཏབ་པའི་ཚོས་སེར་སྡོང་པོའི་མེ་ཏོག་བཏོགས་ཏེ་ཟོག་འཁོར་ནང་གི་ཤོག་སྒམ་ཆེན་པོ་ཞིག་ནང་བསྡུ་བཞིན་ཡོད་ཅིང་། སྐྱེས་པ་ཞིག་གིས་འཁྲིས་སུ་རོགས་པ་བྱེད་བཞིན་འདུག

    སྐུ་ཞབས་ཝུའུ་ལགས་ཀྱིས་འདྲི་སྐབས་ལོ་ན་རྒན་པའི་བུད་མེད་དེས་སྦ་གསང་མེད་པར“ང་ཚོའི་ཕ་ཡུལ་དུ་མེ་ཏོག་ཚོས་སེར་བཙོས་ནས་བཟའ་རྒྱུར་དགའ་པོ་ཡོད”ཅེས་བཤད། སྐབས་དེར་བུད་མེད་གཞོན་པ་དེ་སྡོང་པོའི་སྟེང་འཛེགས་ནས་གང་འདོད་ལྟར་མེ་ཏོག་ཚོས་སེར་འཐོག་བཞིན་པ་མ་ཟད་ཡལ་གའང་མང་པོ་བཅག་འདུག

    སྐུ་ཞབས་ཝུའུ་ལགས་ཀྱིས་ཁོང་ཚོའི་བྱ་སྤྱོད་དེ་བཀག་ནས“ཁྱོད་ཚོས་འདི་ལྟར་བྱས་ན་ཡག་པོ་མ་རེད། ཐ་ན་ཡལ་གའང་བཅག་སོང”ཞེས་བཤད་ནའང་མེ་ཏོག་འཐོག་མཁན་དེ་གསུམ་པོས་མཚམས་མ་བཞག་པར་སྔར་བཞིན་བཏོགས། འགྲུལ་བཞུད་བྱེད་མཁན་གྱིས་མཐོང་ནས་བཟོད་བསྲན་མ་ཐུབ་པར་གཅིག་རྗེས་གཉིས་མཐུད་ངང་ཁོ་ཚོར་གཤེ་གཤེ་བཏང་མཐར་ཁོ་ཚོ་གཞི་ནས་དངངས་འཚབ་ལངས་ཏེ་ལམ་སེང་ཡོ་བྱད་དང་བཏོགས་ཟིན་པའི་མེ་ཏོག་བསྡུ་གསོག་བརྒྱབ་རྗེས་རླངས་འཁོར་བཏང་ནས་འདམ་ར་ལམ་དུ་ཕྱིན་སོང་།

    “གང་སར་ཁོ་ཚོས་བཅག་པའི་སྡོང་པོའི་ཡལ་ག་དང་མེ་ཏོག་ཚོས་སེར་གྱིས་ཁེངས་པ་དང་། ཡལ་ག་ཕལ་ཆེ་བ་ནི་སོས་པ་ཡིན་ལ་སྐམ་པོ་ཁ་ཤས་ཀྱང་འདུག”ཅེས་སྐུ་ཞབས་ཝུའུ་ལགས་ཀྱིས་དེ་གའི་མཐོང་སྣང་བརྗོད་བྱུང་།

    མིག་སྔར་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་དོན་རྐྱེན་དེར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།