དབུ་ཤོག>ཁྲིམས་ལུགས།
  • རྒྱན་ཐོབ་པའི་རྒྱན་ཤོག་རྫུས་མས་སྒོར་ཁྲི་5ལྷག་ཙམ་ཁ་བསླུས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-24

    ཞིབ་དཔྱོད་དཔོན་གྱིས་དྲན་སྐུལ་བྱས་དོན། ཁེ་བཟང་ཐོབ་རེ་མ་བྱས་ན་མགོ་སྐོར་འོག་ཏུ་ཚུད་མི་སྲིད།

    ཀྲང་ཁྲའོ་ཡིས་རྫུན་བཟོ་བྱས་པའི་རྒྱན་ཤོག་རིན་དོད་སྒོར་ཁྲི་40སྤྱད་དེ་སྒོར་55500ཁ་བསླུས་བརྒྱབ་པ་དང་། མཐར་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་བཙུགས་ནས་གྱོད་གཞི་དེར་འདྲི་ཞིབ་བྱས་རྗེས་ཁྲིམས་ལྟར་ཀྲང་ཁྲའོ་ལ་ཉེས་ཆད་བཅད་པ་རེད།

    དྲན་སྐུལ།

    ཀྲང་ཁྲའོ་ཡིས་རྒྱན་ཤོག་རྫུས་མར་བརྟེན་ནས་མི་ཚོའི་ཁེ་བཟང་རག་ ཐབས་དང་རྒྱུ་ནོར་ལ་རྔམ་པའི་སེམས་ཁམས་དང་བསྟུན་ནས་མི་3གྱི་དངུལ་སྒོར་55500ཁ་ བསླུས་བརྒྱབ་པ་རེད།

    མཚམས་འདིར་གསར་འགོད་པས། ཚང་མས་ཁེ་བཟང་རག་ཐབས་ཁོ་ན་མ་བསམས་ན་མགོ་སྐོར་འོག་ཏུ་ཚུད་མི་སྲིད་ཅེས་དྲན་སྐུལ་ཞུ་རྒྱུ་ཡིན།

    གྱོད་གཞི་ངོ་སྤྲོད་མདོར་བསྡུས།

    2014ལོའི་ཟླ་12ཚེས་6ཉིན་གྱི་ཉིན་དགུང་ཀྲང་ཁྲའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལམ་ལྔ་མདོའི་ཉེ་འགྲམ་དུ་ལག་པར་རྫུན་བཟོ་བྱས་པའི་སྒོར་ཁྲི་40རི་བའི་ཀྲུང་གོ་ཕན་བདེའི་རྒྱན་ཤོག་གི་ཀྭ་ཀྭ་གཱ་འཁྱེར་ནས་རྒྱན་ཤོག་གི་ཁ་གྲངས་དང་དངུལ་ལེན་ས་མ་ཤེས་ཁུལ་གྱིས་ལམ་བཞུད་པ་བསོད་ནམས་ལ་སྐད་ཆ་འདྲིས་རྗེས་བསོད་ནམས་ཀྱི་ཡིད་ཆེས་ཐོབ་རྗེས་རྒྱན་ཤོག་དེར་སྒོར་ཁྲི་5བྱས་ནས་བསོད་ནམས་ལ་བཙོང་རྗེས་ཁོ་པ་མྱུར་དུ་ས་ཆ་དེ་ག་ནས་ཁ་གྱེས། ཉིན་ཤས་སོང་རྗེས་ཀྲང་ཁྲའོ་ཡིས་ཡང་སྒོར་ཁྲི་40བྱས་པའི་རྫུན་བཟོ་བྱས་པའི་རྒྱན་ཤོག་གཉིས་ཁྱེར་ནས་གྱོན་གོས་རྩབ་ཧྲལ་ཞིག་གྱོན་ཏེ་བྱ་དགའ་ག་ཚོད་ཐོབ་མིན་དང་གང་ནས་ལེན་དགོས་མིན་མི་ཤེས་ཁུལ་བྱས་ནས་གནོད་འཚེ་གཏོང་ཡུལ་གྱི་དངུལ་ཉུང་ཉུང་བཏང་ནས་ཁེ་བཟང་ཆེན་པོ་རག་ཐབས་ཀྱི་སེམས་ཁམས་སྤྱད་དེ་ལམ་བཞུད་པ་མི་གཉིས་ལ་ཁྱོན་མི་དམངས་ཤོག་སྒོར་5500ཁ་བསླུས་བརྒྱབ་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁོ་པ་ཁྲིམས་ལྟར་འཛིན་བཟུང་བྱས་པ་རེད།

    ཞིབ་དཔྱོད་དཔོན་གྱི་ལྟ་ཚུལ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ལྟ་སྐུལ་ཁོའོ་ཡི་ཞིབ་དཔྱོད་དཔོན་གྱིས་གོང་གསལ་གྱི་གྱོད་གཞིར་བཅའ་ཁྲིམས་ཀྱི་ཐོག་ནས་འགྲེལ་བཤད་བརྒྱབ་ཡོད།

    ཞིབ་དཔྱོད་དཔོན་དེས་ཁ་བསླུས་རྒྱག་པའི་ནག་ཉེས་ཞེས་པ་ནི་ཁྲིམས་འགལ་ངང་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་གནས་ཚུལ་རྫུན་བཟོ་བྱེད་པའམ། ཡང་ན། གནས་ཚུལ་ངོ་མ་སྦ་གསང་བྱེད་པའི་བྱ་ཐབས་སྤྱད་ནས་གྲངས་འབོར་ཆེ་བའི་གཞུང་དང་སྒེར་གྱི་རྒྱུ་ནོར་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ལ་ཟེར་བ་དང་། གཞུང་དང་སྒེར་གྱི་རྒྱུ་ནོར་བདག་དབང་གནོད་འཚེ་གཏོང་ཡུལ་དུ་བྱེད་པ་དང་། ཉེས་པ་བསགས་མཁན་གཙོ་བོ་ནི་སྤྱིར་བཏང་གི་ཉེས་པ་གསོག་མཁན་ཞིག་ཡིན་པ་སྟེ། ཉེས་དོན་འགན་འཁྲི་ཁུར་ནུས་ལྡན་པའི་མི་ཚང་མས་ཁ་བསླུས་རྒྱག་པའི་ནག་ཉེས་གསོག་སྲིད། ཕྱི་ཚུལ་ཐོག་ནས་གནས་ཚུལ་རྫུན་བཟོ་བྱེད་པའམ། ཡང་ན། གནས་ཚུལ་ངོ་མ་སྦ་གསང་བྱེད་པའི་བྱ་ཐབས་སྤྱད་ནས་གྲངས་འབོར་ཆེ་བའི་གཞུང་དང་སྒེར་གྱི་རྒྱུ་ནོར་ཁ་བསླུས་རྒྱག་པའི་བྱེད་སྤྱོད་དེ་རང་ངོས་ནས་རྐང་བཙུགས་ཏེ་བྱས་པ་ཞིག་ཡིན་པ་མ་ཟད། དེར་ཁྲིམས་འགལ་ངང་གཞུང་དང་སྒེར་གྱི་རྒྱུ་ནོར་བདག་བཟུང་བྱེད་པའི་དམིགས་ཡུལ་ལྡན་ཡོད། ཀྲང་ཁྲའོ་ཡིས་རྫུན་བཟོ་བྱས་པའི་རྒྱན་ཤོག་ཁྱེར་ཏེ་ཕྱི་ཚུལ་ནས་བྱ་དགའ་ལེན་ས་དང་བྱ་དགའི་དངུལ་གྲངས་མི་ཤེས་ཁུལ་བྱས་ནས་བསོད་ནམས་ཀྱི་རྒྱུ་རྔམ་ཆེ་བའི་སེམས་ཁམས་སྤྱད་ཐོག་དེའི་ས་ནས་སྒོར་ཁྲི་5ཁ་བསླུས་བརྒྱབ་པ་ཕུད། ཀྲང་ཁྲའོ་ཡིས་ད་དུང་གཡོ་ཐབས་གཅིག་པ་སྤྱད་དེ་མི་གཉིས་ཀྱི་སྒོར་5500ཁ་བསླུས་བརྒྱབ་ཡོད། དེས་རང་ངོས་ཐོག་ནས་ཁྲིམས་འགལ་ངང་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བྱས་པ་དང་ཕྱི་ཚུལ་ནས་གནས་ཚུལ་ངོ་མ་སྦ་གསང་བྱས་ཐོག་མི་གཞན་གྱི་ས་ནས་དངུལ་འབོར་ཆེན་ཁ་བསླུས་བརྒྱབ་པས་དེའི་བྱེད་སྤྱོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་266གི་གཏན་འབེབས་ལས་འགལ་ནས་ཁ་བསླུས་བརྒྱབ་པའི་ནག་ཉེས་བསགས་ཡོད་པའི་ངོ་སྤྲོད་བྱས་པ་རེད།

    ཞིབ་དཔྱོད་དཔོན་དེས“གྱོད་གཞི་དེའི་ཁྲོད་ང་ཚོས་ཉེས་གསོག་དོགས་ཅན་གྱིས་ཁ་བསླུས་བརྒྱབ་ཐུབ་པའི་རྒྱུ་རྐྱེན་ནི་ཁོ་པས་ཁ་བསླུས་རྒྱག་ཐབས་མཁས་པོ་སྤྱད་པ་མ་ཡིན་པར་མི་འགའ་ཞིག་གི་ཁེ་བཟང་ཐོབ་འདོད་ཀྱི་སེམས་ཁམས་སྤྱད་པ་ཞིག་ཡིན་པ་གསལ་པོ་མཚོན་ཐུབ། དེར་ང་ཚོས་རྒྱ་ཆེའི་གྲོང་མིར་དྲན་སྐུལ་ཞུ་རྒྱུ་ཡིན། ཁ་བསླུས་རྒྱག་པའི་གཡོ་ཐབས་གསར་བརྗེ་དང་འགྱུར་ལྡོག་ཇི་ཙམ་བཏང་ནའང་བསམ་བློ་ཡག་པོ་བཏང་ཚེ་བདེན་རྫུན་དབྱེ་འབྱེད་ཐུབ། འོན་ཀྱང་གལ་ཏེ་རྒྱུ་ནོར་ནི་རང་ཉིད་ཀྱིས་དཀའ་སྤྱད་ངལ་རྩོལ་བྱས་པ་ལས་བྱུང་བའི་གནས་ལུགས་མ་རྟོགས་པར་དཀའ་བ་གང་ཡང་མ་སྤྱད་པར་ཐོབ་ཐབས་བྱས་ན་ཁྱེད་ཀྱི་ཐོབ་ཆ་གཞན་ལས་ཉུང་བ་ཡོད་ངེས་རེད། དེར་བརྟེན་ཁྱེད་ཀྱིས་ཁེ་བཟང་ཁོ་ན་ཟ་རྒྱུ་མ་བསམས་ན་མགོ་སྐོར་ཐེབས་མི་སྲིད”ཅེས་དྲན་སྐུལ་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།