ཐན་ཙན་ནི་ཡའི་ཨ་ལུའུ་ཧྲ་ཕྱོགས་བསྡུས་ལུས་རྩལ་ཐང་གི་འགྲན་ར་གཙོ་བོ་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་པ།

འདི་ནི་རྣམ་གྲངས་སྐྲུན་ཡུལ་ཡིན་པ།
ཉིན་ཤས་གོང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ཨ་ལུའུ་ཧྲ་ཕྱོགས་བསྡུས་ལུས་རྩལ་ཐང་འཛུགས་སྐྲུན་གྱི་ལས་གྲྭ་90%ལེགས་གྲུབ་ཟིན་པ་དང་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད། སྔོན་དཔག་བྱས་ན་ལུས་རྩལ་ཐང་དུ་ལྟད་མོ་བ་ཁྲི་3ལྷག་ཙམ་ཤོང་བ་མ་ཟད། ཐན་ཙན་ནི་ཡའི་རྒྱལ་ཁབ་རིམ་པའི་ལུས་རྩལ་ཐང་དང་2027ལོའི་ཨ་ཧྥེ་རི་ཁ་བུམ་པའི་འགྲན་བསྡུར་བྱ་ཡུལ་དུ་འགྱུར་རྒྱུ་ཡིན་པས། ས་གནས་དེ་གའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་འགྲན་བསྡུར་གྱི་སྒྲུབ་འགན་འཁུར་ནུས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།