དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱལ་སྤྱིའི་དུས་གཏན་མེ་འཁོར་དངོས་ཟོག་དབོར་བར་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-26


    འདི་ནི་རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་པའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཞིག་ཀྲུང་ཧའི(ལན་ཡུན་གྲུ་ཁ)ཟོག་འགྲུལ་མཉམ་ལས་རྟེན་གཞི་ནས་ཐོན་བཞིན་པ།

    ཉེ་ཆར། རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་པའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཞིག་ཀྲུང་ཧའི(ལན་ཡུན་གྲུ་ཁ)ཟོག་འགྲུལ་མཉམ་ལས་རྟེན་གཞི་ནས་ཐོན་ཏེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨ་པུའུ་ལེ་ཁེ་རུ་བསྐྱོད་ཅིང་། དེ་ནི་རྟེན་གཞི་དེས་ཟོག་འདྲེན་བྱས་ནས་ལོ་12སོང་རིང་འབེབས་འཇུག་བྱས་པའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་ཐེངས་8000པ་དེ་རེད། ནན་ཅིང་འགག་སྒོས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། ཀྲུང་ཧའི(ལན་ཡུན་གྲུ་ཁ)ཟོག་འགྲུལ་མཉམ་ལས་རྟེན་གཞིས་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་ཁྱོན་485བཏང་བ་དེ་དུས་མཚུངས་ལས་3.8%འཕར་བའི་ནང་། ཟླ་རྐྱང་པའི་ཟླ་རེའི་མེ་འཁོར་གཏོང་ཐེངས་100ལས་ཐོག་མར་བརྒལ་ནས་ཟླ་འཁོར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།