དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • 2026ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11.84ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-21


    འདི་ནི་2026ལོའི་ཟླ་4ཚེས་14ཉིན། ཅང་སུའུ་ཞིང་ཆེན་གྲུ་ཁ་ཚོགས་པའི་ནན་ཅིང་གྲུ་ཁའི་ལུང་ཐན་གྲུ་ཁའི་ཁུལ་གྱི་ལས་བྲེལ་ཆེ་བའི་རྣམ་པ་ཡིན་པ།

    ཟླ་4ཚེས་14ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2026ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11.84ཟིན་པ་དེ་ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་ཁྲི་11ལས་ཐོག་མར་བརྒལ་ཞིང་། དུས་མཚུངས་ལས་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་15%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།