ཧྲའན་ཤིས་ཤིས་ཨན་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མུ་མཐུད་འཕར་བ།

འདི་ནི་ཟླ་4ཚེས་2ཉིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ལེན་ཧུའུ་ཆུས་ཧུད་རིགས་ཁྲོམ་གཞུང་གི་ཞིམ་ཟས་རིག་གནས་ཁྲོམ་གཞུང་དུ་སྐྱོད་བཞིན་པ།
ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས《ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ལ་སྐུལ་འདེད་བཏང་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》བཀྲམ་པ་ནས་བཟུང་། ཤིས་ཨན་གྲོང་ཁྱེར་གྱིས“ཀྲུང་གོར་ཉོ་སྒྲུབ”སྤུས་རྟགས་ཀྱི་ཤིས་ཨན་གྱི་ལག་ལེན་ཆེར་གཏོང་ལ་གཞི་བཙུགས་ཏེ་སྤུས་ལེགས་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་སྤྱི་ཅན་གྱི་འཛད་སྤྱོད་བྱེད་རྣམ་གསར་པ་གཏོད་པ། འཁོར་འབྲེལ་ཧྲིལ་པོའི་འཛད་སྤྱོད་ཞབས་ཞུ་ལེགས་སུ་གཏོང་བ། ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྟབས་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཁྲོམ་ར་རྒྱུན་མཐུད་དར་རྒྱས་ལ་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།