དབུ་ཤོག>འཛམ་གླིང་རྒྱང་ལྟ།>གོ་ལ་ཧྲིལ་པོར་ལྟ་བ།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེའི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    འདི་ནི་མཁའ་ཐོག་ནས་པར་བརྒྱབ་པའི་ཁམ་ཕུ་ཁྲེའི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་ཡིན་པ།

    ཕ་ནོམ་ཕེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་ནང་ཞུགས་པའི་ཁམ་ཕུ་ཁྲེའི་གནམ་ཐང་ཆེ་ཤོས་དང་རྒྱལ་ས་ཕ་ནོམ་ཕེན་དུ་ཡོད་པའི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་ཚེས་9ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཉིན་དེར་ཁམ་ཕུ་ཁྲེའི་མཁའ་འགྲུལ་ཀུང་སིས་ལས་འཛིན་འཕུར་སྐྱོད་བྱས་པའི་ཀོང་ཀྲོའུ་ནས་ཕ་ནོམ་ཕེན་བར་གྱི་དུས་གཏན་གནམ་གྲུ་K6611དེ་ཚོང་ལས་དུས་གཏན་གནམ་གྲུ་འབབ་མཁན་ཐོག་མ་དེར་གྱུར་བ་དང་གནམ་གྲུ་བབས་རྗེས་བཀྲ་ཤིས་ཆུ་གཏོར་གུས་ལུགས་དང་ལེན་བྱས་པ་རེད།

    ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་ནས་ཕ་ནོམ་ཕེན་གྲོང་ཁྱེར་ལྟེ་བའི་བར་སྤྱི་ལེ་20ཙམ་ཡོད་པ་དང་ས་བཟུང་རྒྱ་ཁྱོན་སྤྱི་ཆིང་2600ཟིན་ཡོད། གནམ་ཐང་དེ་ཁམ་ཕུ་ཁྲེའི་གནམ་ཐང་མ་འཇོག་ཚད་ཡོད་ཀུང་སིས་བསྐྲུན་པ་དང་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པས་སྐྲུན་འགན་འཁུར་ཞིང་། 2020ལོར་སྐྲུན་འགོ་ཚུགས་པ་རེད།

    གནམ་ཐང་དེ་ཤར་གཏོང་ཐུབ་པ་ལས་ཁམ་ཕུ་ཁྲེའི་གནམ་ཐང་གཉེར་སྐྱོང་གི་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་འགྲོ་རྒྱུ་དང་། ཁམ་ཕུ་ཁྲེའི་མཁའ་འགྲུལ་སྐྱེལ་འདྲེན་ནུས་པ་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་སྤེལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།