དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • ཀྲུང་ནེ་ས་མཐོའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-19

    ཟླ་6ཚེས་15ཉིན་2025ལོའི་ཀྲུང་ནེ་ས་མཐོའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་འགོ་ཚུགས་ཤིང་། ལུས་རྩལ་པ་230ལྷག་ཙམ་གྱིས་འགྲན་བསྡུར་དྲག་པོ་བྱས་ཏེ་ས་མཐོའི་ཁོར་ཡུག་ཁྲོད་གྲུ་ཤན་འབྲུག་མགོ་མའི་མཐར་ཟད་འགྲན་བསྡུར་ལ་འགྲན་སློང་བྱས་ཡོད།

    ཚེས་15ཉིན་2025ལོའི་ཀྲུང་ནེ་ས་མཐོའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིར་འགོ་ཚུགས་ཤིང་། ཀྲུང་གོ་དང་། ནེ་པ་ལ། སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་རུ་ཁག་14དང་ལུས་རྩལ་པ་230ལྷག་ཙམ་གྱིས་འགྲན་བསྡུར་དྲག་པོ་བྱས་ཏེ་ས་མཐོའི་ཁོར་ཡུག་ཁྲོད་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ལ་འགྲན་སློང་བྱས་པ་རེད། འགྲན་བསྡུར་དེ་ཀྲུང་གོ་གྲུ་ཤན་འབྲུག་མགོ་མའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། གྲུ་ཤན་འབྲུག་མགོ་མའི་དྲང་ལམ་འགྲན་བསྡུར་ཡོངས་བསྒྲགས་ཚོགས་ཆུང་གི་སྨི་100དང་། སྨི་200 དེ་བཞིན་མཛའ་གྲོགས་གྲོང་ཁྱེར་ཚོགས་ཆུང་གི་སྨི་200བཅས་ཀྱི་རྣམ་གྲངས་དང་དེ་བཞིན་བོད་རིགས་ཀྱི་སྲོལ་རྒྱུན་ཆུ་ཐོག་ལུས་རྩལ་ཀོ་གྲུའི་དྲང་ལམ་སྨི་100ཡི་འགྲན་བསྡུར་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།