ཡོ་རོབ་ཉམས་འགྱུར་གྱི་ཁྲོམ་གཞུང་སྒོ་ཕྱེ་བ།
ཉེ་ཆར། ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པས་གཙོ་གཉེར་བྱས་པའི“2025ལོའི་ཁྲེང་ཏུའུ་དང་ཡོ་རོབ་ཀྱི་རིག་གནས་དུས་ཚིགས”དང“ཡོ་རོབ་ཉམས་འགྱུར་གྱི་ཁྲོམ་གཞུང”སྒོ་ཕྱེ་བའི་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཤར་རྒྱུད་དྲན་འཆར་གླིང་དུ་སྤེལ་ནས་སྲོལ་རྒྱུན་སྒྱུ་རྩལ་འགྲེམས་སྟོན་དང་། རོལ་དབྱངས་འཁྲབ་སྟོན། ཞིམ་ཟས་ཀྱི་བྲོ་བ་མྱོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། 2025ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་ཞིང་། འདི་ནི་ལྟ་སྐོར་བས་དབྱི་ཐ་ལིའི་འགྲེམས་སྟོན་དུ་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་པ།