ཨན་ཧུའེ་ཝུའུ་ཧུའུ་རུ་ཕྱི་སྦྱོང་སློབ་མས་གྲོང་གསེབ་ཏུ་ཀྲུང་གོའི་རིག་གནས་ཉམས་ལེན་བྱས་པ།
འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་སུན་ཚུན་གྲོང་རྡལ་ཀྲུང་ཧྥེན་གྲོང་ཚོར་ཨན་ཧུའེ་དགེ་འོས་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་ཉམས་ལེན་བྱེད་བཞིན་པ།
ཉེ་དུས་ཨན་ཧུའེ་དགེ་འོས་སློབ་ཆེན་གྱིས་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་དང་། སུན་ཚུན་གྲོང་རྡལ་སྤྱི་ཁྱབ་བཟོ་ཚོགས། སུན་ཚུན་གྲོང་རྡལ་ཀྲུང་ཧྥེན་གྲོང་ཚོ་བཅས་དང་མཉམ་དུ་གཉེར་བའི“ཀྲུང་གོ་ཤེས་ཚོར·ཧྥན་ཁྲང་དུ་སྐྱོད”ཅེས་པའི་ཕྱི་སྦྱོང་སློབ་མའི་སྤེལ་རེས་ཉམས་ལེན་བྱེད་སྒོ་སྤེལ་བ་རེད། ཨན་ཧུའེ་དགེ་འོས་སློབ་ཆེན་གྱི་ལོ་རིམ་དང་པོའི་ཕྱི་སྦྱོང་སློབ་མ་40ལྷག་ཙམ་དང་གཞོན་ནུ་ལོ་ཆུང་10ལྷག་ཙམ་གྱིས་གདན་ཞུས་ལྟར་ཧྥན་ཁྲང་ཆུས་སུ་ཡོང་ནས་ཧྥན་ཁྲང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་ཉམས་སུ་མྱངས་པ་རེད།