དབུ་ཤོག>འཛམ་གླིང་རྒྱང་ལྟ།>གོ་ལ་ཧྲིལ་པོར་ལྟ་བ།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ན་སྨི་པི་ཡའི་འགྲིམ་འགྲུལ་མ་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

    འདི་ནི་ཉིན་དེར་རླངས་འཁོར་B1མྱུར་བགྲོད་གཞུང་ལམ་ཐོག་ནས་སྐྱོད་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ན་སྨི་པི་ཡའི་འགྲིམ་འགྲུལ་མ་ལམ་B1མྱུར་བགྲོད་གཞུང་ལམ་གྱི་ཅི་ཐེ་མན་སི་ཧུའུ་ཕུའུ་ནས་མ་ལིན་ཐར་བར་གྱི་ཚད་ལྡན་ལམ་དུམ་དང་པོའི་སྤྱི་ལེ་88ཀྱི་གཞུང་ལམ་ཉམས་གསོའི་རྣམ་གྲངས་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་རེད། གཞུང་ལམ་དེ་ནི་ན་སྨི་པི་ཡ་ནས་ལྷོ་ཨ་ཧྥེ་རི་ཁར་སྐྱོད་སའི་མྱུར་བགྲོད་གཞུང་ལམ་གཅིག་པུ་དེ་རེད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་རྒྱལ་ཁབ་གཉིས་པོའི་དབར་གྱི་དངོས་ཟོག་ཤར་གཏོང་མྱུར་ཚད་དང་མི་སྣའི་འགྲིམ་འགྲུལ་བདེ་འཇགས་ཆེ་རུ་ཕྱིན་ནས་ན་སྨི་པི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།