དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་རྒྱལ་ཁབ་དང་ས་ཁུལ།
  • ལྗར་པན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-20

    ལྗར་པན་གྱི་རྒྱལ་ས་ནི་ཏུང་ཅིང་དང་། ལྗར་པན་གྱི་རི་མོར་རབ་བཏགས་རི་མོར (漫画)མི་ཚོས་མཉེས་པོ་དེ་འདྲ་བྱེད་དོན་དང་རི་མོ་དེ་འཛམ་གླིང་ཐོག་སྐད་གྲགས་བྱེད་དོན་ནི་རི་མོ་དེ་ལོ་ཆུང་བྱིས་པ་ཁོ་ནས་བལྷ་བ་ཙམ་མ་ཡིན་པར་ལོ་མི་འདྲ་བར་ནང་དོན་མི་འདྲ་བ་དང་ཕོ་མོའི་ཁྱད་པར་གྱིས་ནང་དོན་ལ་དགའ་པོ་བྱེད་ཕྱོགས་མི་འདྲ་བ་སོགས་ནང་དོན་གྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པས་ལྗར་པན་གྱི་རབ་བཏགས་རི་མོ་འཛམ་གླིང་ཐོག་ལ་གྲགས་ཆེ་བར་འགྱུར་རོ། ལྗར་པན་རྒྱལ་དར་གྱི་ཚོན་མདོག་ནི་དཀར་པོ་ཡིན་ཞིང་རྒྱལ་དར་གྱི་དཀྱིལ་དུ་ཉི་མ་དམར་པོ་ཞིག་ཡོད། རྒྱལ་དར་དེའི་མིང་གཞན་ལའང་ཉི་མ་རྒྱལ་དར་ཡང་ཟེར། རྒྱལ་དར་གྱི་ཚོན་མདོག་དཀར་པོ་དེས་ལྷད་མེད་དངངས་གཙང་མཚོན་གྱི་ཡོད་ལ་དཀྱིལ་གྱི་ཉི་མ་དམར་པོ་དེས་ལྷག་བསམ་རྣམ་དག་གི་མཚོན་དོན་ཡིན། རྒྱལ་དར་དེའི་བྱུང་དོན་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། ལྗར་པན་ནི་ཉི་མའི་ལྷ་ཡིས་བསྐྲུན་པ་ཞིག་ཡིན་ལ་གནམ་བསྐོས་གོང་མ་ནི་ཉི་མའི་ལྷའི་སྲས་ཡིན་པས་ལྗར་པན་གྱི་ཉི་མ་ཡོད་པའི་རྒྱལ་དར་དེའང་དེ་འདྲ་བྱུང་བར་སྨྲས། འཇར་པན་གྱི་མི་འབོར་ནི་དུང་བྱུར་1.29ཡོད་ལ་འཇར་པན་གྱི་ཚན་རིག་ཞིབ་འཇུག་ནུས་པ་དེ་འཛམ་གླིང་གི་ཨང་གཉིས་པའི་གྲས་སུ་སླེབས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།