དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་རྒྱལ་ཁབ་དང་ས་ཁུལ།
  • ཕོ་ལན་ཝར་སོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-20

    འདི་ནི་ཕོ་ལན་ཝར་སོའི་གྲོང་ཁྱེར་རྙིང་པའི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།

    ཕོ་ལན་ཝར་སོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་གོད་ཆག་དང་གནོད་འཚེ་ཆེ་ཤོས་ཕོག་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན། ཝར་སོ་གྲོང་ཁྱེར་རྙིང་པ་དེ་དུས་རབས་བཅུ་གསུམ་པར་ཐོག་མར་བསྐྲུན་པ་ཞིག་ཡིན་པ་དེར་ཀོ་ཐེའི་རྣམ་པ་དང་པ་ལུའོ་ཁོ་རྣམ་པ་ནས་རིག་རྩལ་བསྐྱར་དར་རྣམ་པའི་བར་གྱི་རིག་དངོས་གནའ་ཤུལ་མང་པོ་ཚུད་ཡོད། 1944ལོའི་ཟླ་8པའི་ཝར་སོའི་འོས་ལངས་རིང་། ཝར་སོའི་གྲོང་ཁྱེར་རྙིང་པའི་85%ཡན་གྱི་འཛུགས་སྐྲུན་ན་ཙིའི་དམག་གིས་གཏོར་བརླག་བཏང་ཡོད། 1945ལོར་ཝར་སོར་བཅིངས་འགྲོལ་ཐོབ་རྗེས་སྲིད་གཞུང་གིས་འཕྲལ་དུ་ཝར་སོ་བསྐྱར་སྐྲུན་བྱེད་འགོ་བཙུགས་ཡོད། དམག་འཁྲུག་གོང་ཝར་སོ་སློབ་ཆེན་བཟོ་སྐྲུན་ཚན་པའི་དགེ་སློབ་ཀྱིས་ཝར་སོའི་གནའ་གྲོང་གི་གཙོ་བོའི་ཁྲོམ་གཞུང་དང་ཁང་པའི་བཟོ་བཀོད་ལ་ཚད་འཇལ་རིས་འབྲི་ཞིབ་ཕྲ་བྱས་པའི་ཡིག་ཆ་ཆ་ཚང་ཉར་ཚགས་བྱས་པ་དེས་ཝར་སོའི་གནའ་གྲོང་བསྐྱར་གསོ་ཡོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་གྱིས་ཕོ་ལན་བའི་རྒྱལ་གཅེས་སྤྲོ་སེམས་ལ་སྐུལ་སློང་ཆེན་པོ་ཐོབ་ནས། ཁོང་ཚོས་ལོ་ལྔའི་དུས་ཚོད་ནང་ཝར་སོའི་གྲོང་ཁྱེར་རྙིང་པ་བསྐྱར་སྐྲུན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།